རིག་གནས་ལ་ཁ་གཡར་ནས་ལམ་ལུགས་རྙིང་བ་ཚུར་བསུ་བ།
ཀྲོའུ་ཡོན་གྱིས་འདི་སྐད། རྒྱལ་ཁབ་དང་མི་རིགས་གང་རུང་གི་སྲོལ་རྒྱུན་རིག་གནས་ ཐམས་ཅད་ལ་ཉིང་བཅུད་དང་སྙིགས་མ་གཉིས་ཀྱི་དབྱེ་བ་ཡོད། སྲུང་སྐྱོབ་དང་། རྒྱུད་འཛིན། འཕེལ་རྒྱས་སུ་གཏོང་དགོས་པ་ནི་བོད་ཀྱི་ཕུལ་དུ་བྱུང་བའི་སྲོལ་ རྒྱུན་རིག་གནས་ཡིན་པ་ལས། དབྱེ་ཞིབ་མ་བྱས་པར་རིག་གནས་ཡོངས་རྫོགས་རྒྱུད་འཛིན་ བྱེད་པ་ག་ལ་སྲིད། བོད་ཀྱི་ཆོས་སྲིད་ཟུང་འབྲེལ་དང་བཀས་བཀོད་རྒྱུད་འཛིན་གྱི་ ཞིང་བྲན་ལམ་ལུགས་ནི་ལམ་ལུགས་ཀྱི་རིག་གནས་ཤིག་ཡིན་པའི་ཆ་ནས། ང་ཚོས་དེ་ལ་ཡང་སྲུང་སྐྱོབ་དང་རྒྱུད་འཛིན་བྱེད་དགོས་སམ།
ཏཱ་ལའི་ཡིས་ཁ་ནས་བོད་ཀྱི་རིག་གནས་སྲུང་སྐྱོབ་ཅེས་ལབ་ནས་ཀྲུང་གོའི་སྲིད་ གཞུང་གིས་བོད་ཀྱི་རིག་གནས་རྩ་མེད་དུ་གཏོང་བཞིན་ཡོད་ཚུལ་ཤུགས་སུ་བསྟན་པས། དེ་ནི་དོན་དངོས་ལ་འཁྱོག་བཤད་བྱས་པ་མ་ཟད། ངན་སེམས་ཆེན་པོ་བཅངས་ཡོད་དེ། བོད་ ཀྱི་སྲོལ་རྒྱུན་རིག་གནས་ཁྲོད་ཀྱི་རྗེས་ལུས་དང་། ངོ་ལོག་གི་ལམ་ལུགས་ལ་སྲུང་ སྐྱོབ་བྱེད་པ་དང་། ཉིན་ཞིག་ལ་ཆོས་སྲིད་ཟུང་འབྲེལ་དང་བཀས་བཀོད་རྒྱུད་འཛིན་ གྱི་ལམ་ལུགས་འོག་གི་བསམ་བློའི་རིག་གནས་དེ་ཡང་བསྐྱར་སླར་གསོ་བྱེད་པར་རྨང་ གཞི་འདིངས་འདོད་པ་རེད