ཨེ་མ་དེ་རིང་ང་བང་ཆེན་པ་ཞིག

 ཁ་སང་དེ་རིང་གི་གནས་ཚུལ་ཁུར་བའི་བང་ཆེན་པ་ཞིག ང་དང་དྲ་གྲོགས་བར་གྱི་བང་ཆེན་པ་ཞིག མཐོང་བྱུང་། དེ་རིང་བང་ཆེན་གྱི་དྲ་བ་འདི་ནས་ལྷོ་གླིང་གི་ལྟད་མོ་མཐོང་བྱུང༌། ཐོས་བྱུང་། དེ་རིང་བང་ཆེན་གྱི་དྲ་བྱང་འདི་ནས་གསར་རྙིང་གི་ལྟ་གྲུབ་ཐོས་བྱུང༌། རྙེད་བྱུང་། བང་ཆེན་གྱི་དྲ་བ་འཕྲིན་འདི་ནས་གྲོགས་པོ་ཚོའི་སེམས་ཁམས་རྙེད་བྱུང༌། འཕྲད་བྱུང་། ཤ་རུས་ཁྲག་རྒྱུད་གཅིག་པའི་གངས་ཕྲུག་ཚོར་འཕྲད་བྱུང༌། མ་ཡུམ་གངས་ལྗོངས་ལ་ཞེན་པའི་སྤུན་གྲོགས་ཚོར་འཕྲད་བྱུང༌། རྒྱལ་ཞེན་སྙིང་ལ་བཅངས་བའི་རང་རིགས་ཚོར་འཕྲད་བྱུང༌། རིས་མེད་མཁས་པ་འབུམ་གྱི་དགྱེས་ཞལ་དེ་མཇལ་བྱུང༌། ཡ་ཡ་གྲོགས་པོ་ཚོ་ཡང་ཡང་མཇལ་འོང༌།