ཏཱ་ལའི་ཡང་སྲིད་འཚོལ་བར་ངེས་པར་དུ་རྩ་དོན་ཆེན་པོ་གསུམ་བརྩི་སྲུང་བྱེད་དགོས་པ་རེད་ཟེར།

ངོ་མ་རྒྱ་འདི་ཚང་སེམས་པ་འདི་ལྟར་ནག་པ་ལ། རྒྱ་ནག་གི་འཁྱོག་བརྗོད་དང་ལོགས་བཤད། རྫུན་གཏམ་ཁོ་ན་གླེང་སའི་ཀྲུང་གོའི་བོད་ལྗོངས་དྲ་བ་དང་ཀྲོང་གོའི་བོད་ལྗོངས་ཆ་འཕྲིན་ལྟེ་གནས། ཀྲུང་གོ་གུང་ཁྲན་ཏང་གི་གསར་འགྱུར་སོགས་ནམ་ཡང་སྒོ་རྒྱག་གི་མི་འདུག ད་དུང་རྒྱ་དམར་གྱིས་དྲ་རྒྱ་འདི་དག་དུ་བོད་ནང་གི་བོད་མི་ཚོ་བེད་སྤྱོད་བྱས་ནས་དྲིལ་བསྒྲག་ཁེ་མཚར་དེ་འདྲ་རྒྱུན་ཆད་མེད་པར་གཏོང་གི་ཡོད་པ་དཔེར་ན། ཉེ་ཆར་ 2009-03-13 ཉིན་ ༄༅།། ཏཱ་ལའི་ཡང་སྲིད་འཚོལ་བར་ངེས་པར་དུ་རྩ་དོན་ཆེན་པོ་གསུམ་བརྩི་སྲུང་བྱེད་དགོས་པ། རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་གཉིས་པའི་བོད་ལྗོངས་ཀྱི་འཐུས་མི་གཉིས་ཀྱིས་ཚེས་༡༢ཉིན་ཞིན་ཧྭ་གསར་འགྱུར་ཁང་གི་བཅར་འདྲི་དང་ལེན་བྱེད་སྐབས་འདི་སྐད། ཏཱ་ལའི་ཡང་སྲིད་ནི་ཏཱ་ལའི་སྐུ་ཕྲེང་བཅུ་བཞི་བས་ཐག་གཅོད་ཐུབ་པ་ཞིག་མིན་ཞིང་། ཡང་སྲིད་འཚོལ་བར་ངེས་པར་དུ་ལོ་རྒྱུས་སྟེང་གྲུབ་པའི་གཏན་ཁེལ་སྒྲིག་སྲོལ་དང་། ཆོས་ལུགས་ཀྱི་ཆོ་ག་ཕྱག་ལེན། ཀྲུང་དབྱང་སྲིད་གཞུང་གི་ཆོག་མཆན་བཅས་ལ་བརྩི་སྲུང་ནན་མོ་བྱེད་དགོས་པ་མ་ཟད། ད་དུང་རྒྱལ་ཁབ་ཀྱི་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་བརྩི་སྲུང་བྱེད་དགོས་པའི་སྐོར་བརྗོད་པ་རེད།  ཝུན་ཅ་པའོ་ཡིས་ཚེས༡༣ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་རྒྱལ་ཁབ་ཕྱི་ནང་གི་
གསར་འགོད་པར་འདི་ལྟར་བཤད་ཡོད་པ་རེད།
བོད་ལྗོངས་ནི་ཀྲུང་གོའི་མངའ་ཁོངས་བསྙོན་མེད་ཅིག་ཡིན་པ་དང་། བོད་དང་འབྲེལ་བའི་གནད་དོན་ཚང་མ་ཀྲུང་གོའི་ནང་སྲིད་ལ་གཏོགས་པས་རྒྱལ་ཁབ་གཞན་པས་ཐེ་གཏོགས་བྱས་མི་ཆོག འདི་ནི་ང་ཚོའི་རྩ་དོན་དང་ལངས་ཕྱོགས་ཡིན། ང་ཚོས་ཏཱ་ལའི་བླ་མར་ལག་བསྟར་བྱེད་པའི་སྲིད་ཇུས་ནི་སྔོན་ཆད་དང་འདྲ་བར་ཧ་ཅང་གསལ་བོ་ཡིན་ཏེ། ཁོས་ཁ་བྲལ་གྱི་བྱ་འགུལ་དོར་ན། ང་ཚོས་ཁོའི་འཐུས་མི་ལ་གྲོས་མོལ་བྱེད་འདོད་ཡོད་ལ། གྲོས་མོལ་གྱི་སྒོ་ནི་ནམ་ཡང་ཡངས་པོར་ཕྱེས་ཡོད།         ན་ནིང་དཀའ་ངལ་ཧ་ཅང་ཆེ་བའི་གནས་ཚུལ་འོག་ཀྱང་ང་ཚོས་ཏཱ་ལའི་བླ་མ་ཕྱོགས་ཀྱི་རེ་བ་ལྟར་ཁོ་ཚོར་ཐེངས་གསུམ་ལ་འབྲེལ་འདྲིས་བྱས་པ་ཡིན། འབྲེལ་འདྲིས་དེ་རིགས་ད་དུང་མུ་མཐུད་དུ་བྱས་ཆོག་མོད། གནད་འགག་ནི་ཏཱ་ལའི་བླ་མར་ལྷག་བསམ་ཡོད་ན། གྲོས་མོལ་ལ་ངོ་བོ་རང་བཞིན་གྱི་གྲུབ་འབྲས་ཐོབ་ཏུ་འཇུག་རྒྱུ་དེ་ཡིན།ང་ཚོས་ཏཱ་ལའི་བླ་མ་ནི་སྤྱིར་བཏང་གི་ཆོས་ལུགས་མི་སྣ་ཞིག་མིན་པར། ཆབ་སྲིད་ཀྱི་ཡུལ་གྱར་བ་ཞིག་རེད་ཅེས་བཤད་པར་ཁུངས་སྣེ་བཙན་པོ་ཡོད་དེ། ཁོ་ཚོས་ངྷ་རམ་ས་ལ་ན་བཙུགས་ཡོད་པའི“ཡུལ་གྱར་སྲིད་གཞུང”ནི་དོན་དངོས་སུ་ཆོས་སྲིད་ཟུང་འབྲེལ་གྱི་ཏཱ་ལའི་བླ་མས་ཐད་ཀར་དུ་དབང་སྒྱུར་བྱེད་པའི་ཁྲིམས་འགལ“སྲིད་གཞུང”རེད།
     ཏཱ་ལའི་བླ་མ་འཛམ་གླིང་གི་རྒྱལ་ཁབ་སོ་སོར་འཁྱམས་ནས་ཆབ་སྲིད་མི་སྣ་ཁ་ཤས་ལ་མགོ་བསྐོར་གཏོང་བཞིན་ཡོད་པ་དང་། ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཁ་ཤས་ཀྱིས་ཀྱང་ཁོ་བཀོལ་སྤྱོད་བྱེད་བཞིན་ཡོད། ངས་འདི་ནས་དཔེ་ཞིག་དྲངས་ཏེ་ང་ཚོས་ཏཱ་ལའི་བླ་མར་རྒྱུས་ལོན་བྱེད་སྐབས་ཁོས་ཅི་ཞིག་བཤད་པ་ཁོ་ནར་ཉན་མི་རུང་བར་ཁོས་ཅི་ཞིག་བསྒྲུབ་པར་བལྟ་དགོས་པ་གསལ་བཤད་ཅིག་བྱས་ན། ཉིན་འགའི་སྔོན་ལ་ཏཱ་ལའི་བླ་མས་ཕྱི་འབྲེལ་པུའུ་ཀྲང་དབྱང་ཅེ་ཁྲི་ཡིས་གསར་འགོད་པའི་དྲི་བར་ལན་བཏབ་པར་དགག་ལན་ཟེར་བ་སྤྲོད་སྐབས། ཁོས་ཀྲུང་གོའི་དམག་དཔུང་བོད་ལྗོངས་ནས་ཕྱིར་འཐེན་བྱེད་དགོས་པ་དང་། རྒྱ་མི་བོད་ལྗོངས་ནས་ཕྱིར་འཐེན་བྱེད་དགོས་པའི་སྐད་ཆ་གཏན་ནས་བཤད་མ་མྱོང་ཞེས་བཤད་པ་དེ་ནི་མི་རྣམས་ལ་མགོ་བསྐོར་གཏོང་བའི་སྐད་ཆ་ཞིག་རེད། གལ་ཏེ་ཚང་མས༡༩༧༨ལོར་ཏཱ་ལའི་བླ་མས་ཨ་མེ་རི་ཁ་ནས་སྤེལ་བའི“བོད་ལྗོངས་ཀྱི་ཞི་བའི་འཆར་གཞི་ལྔ”ཞེས་པ་དང༡༩༨༨ལོར་ཧྥ་རན་སིའི་སི་ཐི་ལ་སི་པའོ་ནས་སྤེལ་བའི“གྲོས་གཞི་གསར་བ་བདུན”ཞེས་པར་བལྟས་ཚེ། དེའི་ནང་དུ་ཀྲུང་གོའི་དམག་དཔུང་དང་དམག་དོན་སྒྲིག་ཆས་བོད་ལྗོངས་ནས་ཕྱིར་འཐེན་བྱེད་དགོས་པ་དང་། རྒྱ་མི་མྱུར་དུ་བཀག་འགོག་བྱེད་དགོས་ཞེས་ཤོག་དཀར་ངོས་སུ་གསལ་བོར་བྲིས་ཡོད་པས། ཏཱ་ལའི་བླ་མས་དེ་དག་ཐེར་བྱས་ཆོག་མོད་འོན་ཀྱང་ཁས་མི་ལེན་ཟེར་ཐབས་གཏན་ནས་མེད་ཟེར།འདི་ལྟར་བཤད་འདུག འདི་ནི་དཔེ་མཚོན་ཙམ་རེད། ཉིན་རེ་བཞིན་འདི་ལྟར་བོད་ནང་བདེ་སྐྱིད་ཡོད་པ་དང་བདེ་འཇགས་ཡོད་པའི་རྫུན་གཏམ་བཤད་ཀྱི་འདུག འོན་ཀྱང་ང་ཚོའི་ཕྱོགས་ཀྱི་གཞོན་ནུ་དང་བུད་མེད་དེ་བཞིན་གཞུང་འབྲེལ་མ་ཡིན་ཚོགས་པ་སོགས་ཀྱིས་དྲང་བདེན་དང་དངོས་ཡོད་ཀྱི་ལན་འདེབས་བྱེད་ཐུབ་ཀྱི་ཡོད་དམ། འཚེ་མེད་ཞི་བའི་འཐབ་རྩོད་ནི་དམག་དང་མེ་མདའ་མིན་པར་ཤེས་ཡོད་དང་རྣམ་དཔྱོད། བདེན་གཏམ་དང༌། དངོས་ཡོད་གནས་ཚུལ་ལ་བརྟེན་ནས་རྒྱུ་མཚན་ལྡན་པ་དང་ལྷག་བསམ་ལྡན་པ། ཐབས་ཤེས་ཕུན་སུམ་ཚོགས་པའི་སྒོ་ནས་འཁྱོག་བཤད་ལ་དྲང་པོའི་གསལ་བཤད་དང༌།

 

རྫུན་གཏམ་ཐེར་འདོན་སོགས་བྱས་པ་བརྒྱུད་འཐབས་རྩོད་བྱེད་དགོས་པ་ཞིག་ཀྱང་མ་རེད་དམ།