ལི་ཐང་མཐིལ་དུ་བོད་རང་བཙན་གྱི་སྐད་འབོད།
བོད་ཆས་གྱོན་པའི་རྒྱ་མིའི་ཉེན་རྟོག་པས་དམའ་འབེབས་དང་བཅས་འཛིན་བཟུང་དང་མནར་གཅོད་བཏང་ཡོད་པའི་གནས་ཚུལ་བྱུང་ཡོད་པ་རེད། ཆོས་རྒྱལ་ཚེ་རིང་ལགས་ལི་ཐང་དགོན་ཆེན་གྱི་གྲྭ་པ་ཡིན་འདུག དེ་ནས་དགོང་མོ་ཆུ་ཚོད་༨ ཡས་མས་ཤིག་ལ་ཉེན་རྟོག་པས་ཁྱིམ་ཚང་ཆ་ཚང་ལ་སྔོག་བཤེར་དང་སྡིག་ར་ཚབས་ཆེན་བཏང་བ་དང༌། མཚན་དཀྱིལ་ལ་ལི་ཐང་དགོན་པའི་ཉེ་འདབས་སུ་བོད་རང་བཙན་སོགས་བྲིས་པའི་ཡིག་ཆ་ཕོན་ཆེན་གཏོར་འགྲེམས་བྱས་ཡོད་འདུག ཚེས་༢༣ གྱི་ཞོགས་པ་དམག་གིས་དམ་དྲག་ཆེན་པོའི་ཐོག་ཕན་ཚུན་གྱི་འབྲེལ་ལམ་བཅད། གྲྭ་ཆོས་སྐྱོང་ཚེ་རིང་གིས་ངོ་རྒོལ་སྐད་འབོད་བྱེད་སའི་ས་ཆ་དང༌། ཟླ་འདིའི་ཚེས་༡༠ ཉིན་ལི་ཐང་ར་བ་ནས་ཡིན་པ་གྲྭ་བློ་བཟང་དབང་ཕྱུག་གིས་ངོ་རྒོལ་སྐད་འབོད་བྱེད་སའི་ས་ཆ་གཉིས་ལ་ལྕགས་རྩི་སེར་པོས་རྟགས་བརྒྱབ་ནས། དབྱིན་ཡིག་བྲིས་འདུག་ཟེར་མོད། དབྱིན་ཡིག་གི་ནང་དོན་ག་རེ་ཡིན་ཧ་གོ་མི་འདུག སྐབས་དེར་དམག་མིའི་ཁ་གྲངས་ནི་གསུམ་བཅུའི་དུས་དྲན་སྐབས་ཀྱི་དམག་མི་ཉིས་ཁྲི་བཞི་སྟོང་ལྔ་བརྒྱ་ལྷག་ཡོད་པ་ལས་མང་དུ་སོང་མེད་ན་ཉུང་དུ་ཕྱིན་མི་འདུག ད་དུང་དམ་དྲག་དང་དེང་རབས་ཀྱི་གོ་མཚོན་རྔམ་སྟོན་བྱེད་པ་སོགས་བྱས་ནས་སྔར་ལས་ཟིང་ཆ་ཆེ་རུ་བཏང་འདུག་ཟེར། ད་ལྟའི་གནས་སྐབས་ཉེན་ཁ་ཧ་ཅང་ཆེན་པོ་ཆགས་འདུག་ཅེས་འགྲེལ་བརྗོད་གནང་སོང༌།།
ཟླ་འདིའི་ཚེས་༢༣ ཉིན་སྡེ་དགེ་རྫོགས་ཆེན་དགོན་པའི་གཡས་གཡོན་དང༌། ཤང་ཐོག་ཏུ་བོད་དོན་ཡིག་ཆ་འབོར་ཆེན་རླུང་རྟ་དང་མཉམ་དུ་འགྲེམས་སྤེལ་བྱས་ཡོད་པ་དང༌། དམག་མི་ཡང་འབོར་ཆེན་འབྱོར་བཞིན་ཡོད་འདུག།
མེ་སོར་གསར་འགོད་པས།