ཁམས་ཏྲེ་ཧོར་བྲག་མགོ་དགོན་པའི་གྲྭ་པ་ཞིག་རྒྱ་གཞུང་གིས་དམར་གསོད།
གལ་ཏེ་ཞིང་ཁ་བཏབ་པ་དང་སྟོན་ཐོག་བསྡུ་རུབ་བྱས་ཚེ་ངས་ཁ་དར་ནག་པོ་ཞིག་འཁྱེར་ཏེ་ཁྱོད་ཚོ་སར་བཀྲིས་བདེ་ལེགས་ཞུ་བར་ཡོང་གི་ཡིན་ཞེས་འཁོད་པའི་ཡིག་ཆ་ཤོག་ལྷེ་བདུན་བརྒྱད་ཅིག བྲག་མགོ་སྨད་ཕྱོགས་རྒྱས་བཟང་ཆུས་ཉེན་རྟོག་ཡན་ལག་ལས་ཁང་དང༌། ཤྭ་ར་ཐང་རྡོ་ཟམ་དང༌།རྒྱས་བཟང་གཞུང་ལམ་གཡས་གཡོན་གྱི་ལྕང་མ་སོགས་ཀྱི་ངོས་རིམ་པར་སྦྱར་ཏེ། ཝ་ལོང་གྲོང་སྡེའི་ཉེ་འདབས་སུ་ཡོད་པའི་རླངས་འཁོར་བཟོ་བཅོས་ཁང་གི་ངོས་སུ་སྦྱར་སྐབས་ཉེན་རྟོག་པས་ཤེས་རྟོགས་བྱུང་སྟེ་འཛིན་བཟུང་བྱེད་པར་ཡོང་བས། ཁོང་གིས་སྦག་སྦག་བཞོན་ཏེ་རྦ་དྭགས་བཙུན་དགོན་བསམ་གཏན་གླིང་རྒྱབ་ཀྱི་རི་སྐེད་དུ་བྲོས་སྐབས། སྦག་སྦག་ཐར་ཐབས་བྲལ་བས་དེ་མ་ཐག་འཛིན་བཟུང་བྱས་ནས་གློག་རྒྱུག་གཞུས་པ་དང་རྐང་རྡེག་སོགས་ཀྱིས་རྨས་སྐྱོན་ཚབས་ཆེན་བྱས་ཏེ་དམར་གསོད་འདུག་ནའང༌། རྒྱ་དམར་ནས་ཁོང་རང་ཉིད་ཀྱིས་རང་སྲོག་བཅད་མདོག་བྱས་ཏེ་ཕུང་པོ་རིའི་ཚུར་ཕྱོགས་བྲག་ཐོག་ནས་མར་གཡུགས་ཏེ་སོང་འདུག་པས་ཕྱི་ཉིན་ཞོགས་པར་མ་གཏོགས་ཡུལ་མི་རྣམས་ཀྱིས་ཤེས་རྟོགས་བྱུང་མེད།
གསལ་བཤད། གོང་གསལ་གྲྭ་ཕུན་ཚོགས་ཀྱིས་ཕྱི་ཟླ་ ༣ པའི་ཚེས་ ༢༥ ཉིན་དང་སྟབས་བསྟུན་ནས་ངོ་རྒོལ་གྱི་ལས་འགུལ་སྤེལ་དགོས་དོན་ནི། ཉིན་དེ་སྔ་ལོ་ཕྱི་ཟླ་ ༣ ཚེས་ ༢༥ ཉིན་བྲག་མགོ་དགོན་པའི་གྲྭ་མང་ཡོངས་ནས་ཆོས་གོས་སྣམ་སྦྱར་སོགས་བསྣམས་ནས་ཞི་བའི་ངོ་རྒོལ་བྱས་ཏེ་ལོ་གཅིག་ཧྲིལ་པོ་འཁོར་བའི་དུས་ཚིགས་དེ་ཡིན་པ་དང༌། རྒྱ་དམར་གྱིས་ཀྱང་དུས་ཚིགས་དེར་གནད་དོན་གལ་ཆེ་ལ་བརྩིས་ཏེ་རྫོང་ཐོག་ཏུ་ཉེན་རྟོག་པ་མང་པོ་དཔུང་སྒྲིག་དང་འགྲེམས་འཇོག་བྱེད་ཀྱིས་དོགས་ཟོན་ནན་པོ་དང་དམ་དྲག་ཤུགས་ཆེན་བྱེད་ཀྱི་ཡོད་འདུག།
