བཀའ་ཤག་གིས་དུས་དྲན་དེར་ངོས་ལེན་མེད།

དེ་བཞིན་རྒྱ་ནག་གཞུང་གིས་དྲག་གནོན་བྱས་པ་དང༌། འགྲོ་སོང་བཏང་བ་སོགས་འདྲ་མིན་བྱས་ཏེ། ཁོ་རང་ཚོས་བཤད་པ་དེ་བདེན་པར་སྒྱུར་ཐབས་ཀྱིས་གང་སར་ཁྱབ་བསྒྲགས་བྱེད་བཞིན་ཡོད་པ་རེད། དེ་བཞིན་རྒྱ་ནག་གཞུང་གིས་བོད་མི་ཚོར་འདི་ལོར་ལོ་གསར་སྤྲོ་སྐྱིད་བཙན་དབང་འོག་ནས་གཏོང་བཅུག་པ་དང༌། བོད་མི་ངོ་རྒོལ་བྱེད་མཁན་ཚོ་འཛིན་བཟུང་གསོད་རྡུང་བྱེད་ཀྱི་ཡོད་པ་རེད། བོད་མི་ཚོར་འགྲོ་བ་མིའི་ཐོབ་ཐང་མེད་པ་དང༌། མཐོང་ཆུང་མནར་གཅོད་ཚད་ལས་བརྒལ་བ་བྱེད་བཞིན་ཡོད་པ་གསལ་བོ་ཡིན་པས། བཙན་བྱོལ་གཞུང་དང་བོད་མི་ཚང་མས་བོད་བཅིངས་གྲོལ་བཏང་ནས་ལོ་ལྔ་བཅུ་འཁོར་བའི་དུས་དྲན་དེར་ངོས་ལེན་བྱེད་ཐབས་མེད་པའི་གསར་འགོད་གསལ་བསྒྲགས་འདི་བཀའ་ཤག་གི་ངོས་ནས་སྤེལ་བ་ཡིན་ཞེས་གསུངས་ཡོད་པ་རེད།།