ཀ་མད་སུམ་བཅའི་གླེང་མོལ།གཉིས་པ།
ཛ་དྲག་གི་དུས་སྐབས་འདིར
ཚ་ཚ་འུར་འུར་བྱེད་པ་ལས
ཙ་རི་བའི་གནས་བདག་ང་ཚོ་བྱེད་ཐུབ་ན
མ་ཡུམ་གངས་ལྗོངས་ལ་ལག་རྗེསའཇོག་ཐུབ་ངེས
བབ་དང་བསྟུན་ནས་ཐབས་ཤེས་བྱེད་ཐུབ་དུས
ཕལ་ཆེར་རང་རིགས་ཀྱི་ཡུལ་སྲུང་ཐུབ་པ་མ་ཟད
པན་ཆེན་སྐུ་གོང་མའི་ཐུགས་བཞེད་ཀྱང་དེ་རེད
ན་གཞོན་གྱི་དུས་རབས་འདི་ལ
ད་དུང་ རང་ཤི་དང་ནང་རྨས་སོགས་ལ་འཛེམ་ནས
ཐལ་དྲགས་པའི་སྐད་ཆ་ནང་ལ་མི་བཤད་རྒྱུ་དང་ ཆིག་སྒྲིལ་བྱེད་རྒྱུ་ནི
ཏ་ལའི་བླ་མའི་བཞེད་དགོངས་ཀྱང་དེ་ཡིན
ཉལ་ཤེས་པ་ནས གཉིད་ཡུན་མི་རིང་བར
ཇ་ཁང་དང་ཆང་ཁང་འགྲིམ་པ་ལས
ཆ་རྒྱུས་ཡོད་པའི་ཤེས་བྱ་སྣ་རེ་སྤྱོང་དེ
ཅལ་འགྲོགས་ཀྱི་ངང་ཚུལ་དོར་ན་ཅི་འདྲ་བཟང་
ང་ཡིས རྟག་དུ་འདི་འདྲ་བསམ་ནས་འབྲི་ཐེངས་རེར
གང་ས་ནས་ང་རང་ལ་མྱི་ཁ་དང་འཕྱ་དམོད་ཡོད་སྲིད་ཀྱང་
ཁ་བ་ཅན་གྱི་མི་གཅིག་ཙམ་གྱིས་ཡིན་རང་
ཀ་རྡོ་བཞིན་དུ་སེམས་གཏིང་དུ་བཞག་ན་འཐུས་པ་ཡིན
