རྒྱུགས་ཤོག་བཙོང་བའི་ནག་ཉེས།

    དེ་ཡང་ཡིག་ཚད་ཐེངས་གཅིག་གིས་མི་ཚེའི་མདུན་ལམ་ཐག་གཅོད་བྱེད་ཐུབ་པའི་རྒྱ་ནག་གི་ཤེས་ཡོན་ལམ་སྲོལ་དེ། མཐོ་རིམ་སློབ་མར་མཚོན་ན་དམག་མི་གཡུལ་སར་ཞུགས་པ་དང་གཅིག་མཚུངས་ཡིན་ཞིང༌། དགེ་རྒན་གྱི་ལག་ནས་དྲི་བ་ཉོ་མཁན་གྱི་ཁྱིམ་བདག་གཅིག་གིས་ཁྲིམས་ཁང་དུ། དྲི་བ་ཉོ་ཚོང་གི་ལས་རིགས་འདི་དེ་རིང་གསར་དུ་ཐོན་པ་ཞིག་མིན་པ་དང༌། འདི་འདྲ་བ་མི་མངོན་ཚུལ་གྱིས་རྒྱ་ནག་གི་ས་ཆ་མང་པོར་རྒྱུན་ལྡན་ལྟ་བུར་ཆགས་ཡོད་པ་རེད་ཅེས་མི་མང་འཛོམས་སའི་ཁྲིམས་ཁང་གི་སྒྲོམ་སྟེགས་ཐོག་བཤད་ཡོད་པ་རེད།
    དེ་རིང་གི་གསང་བ་འདི་ནི་ནང་མི་ ༨ ཀྱི་ཕ་མ་ས་གནས་ལས་བྱེད་ཡིན་མཁན་ཁག་གཅིག་གིས་དགེ་རྒན་བརྒྱུད་ནས་འདྲི་ཤོག་རྣམས་
ཧཕེ་སིའི་ཐོག་ནས་བླངས་ཡོད་ཅིང༌། ལས་བྱེད་དེ་དག་གིས་རྒྱ་ནག་གི་གཙུག་ལག་སློབ་གྲྭ་འདྲ་མིན་ ༦ ལ་འདྲི་ཤོག་རྣམས་བགོ་འགྲེམས་བྱས་ཡོད་པ་དང༌། འདྲི་ཤོག་གི་རིན་པ་ཨ་སྒོར་བརྒྱ་ཕྲག་མང་པོ་བླངས་ཡོད་པས་དགེ་རྒན་ ༩ ཙམ་གྱིས་གསང་བ་གང་ཐུབ་བྱས་ཡོད་ཀྱང༌། སློབ་མའི་རྣ་བར་གསང་སྦས་བྱས་ཡོད་པའི་སྒྲ་འཐེན་མཁོ་ཆས་ཀྱིས་ཕ་མར་ལག་ཐོག་ཁ་པར་བརྒྱུད་འབྲེལ་བ་བྱེད་སྐབས། ཡིག་ཚད་རྟོག་ཞིབ་པར་དོགས་པ་ཟོས་ཏེ་སློབ་མ་བུ་མོ་འགའི་རྣ་བར་ཞིབ་འཇུག་བྱེད་སྐབས། སྐྲ་ལོའི་འོག་ནས་ལག་ཐོག་ཁ་པར་བརྒྱུད་ཐུབ་པའི་སྒྲ་འཐེན་མཁོ་ཆས་མཐོག་བ་དང༌། འཕྲལ་དུ་སློབ་མ་མང་པོ་བཀག་ཉར་བྱས་ཏེ་ཕ་མ་རྣམས་འདྲི་རྩད་ཁང་དུ་སྐད་བཏང་ཡོད་འདུག
    དེ་ནས་ཕ་མ་ཚོས་ནག་ཉེས་ངོས་ལེན་བྱས་ཡོད་པ་དང་དྲི་བ་ཉོ་ཚོང་བྱས་པ་ཙམ་མིན་པ། གཙུག་ལག་སློབ་གྲྭ་གཞན་ལའང་བགོ་འགྲེམས་བྱས་པ་དེ་ཧ་ཅང་ཉེན་ཚབས་ཆེ་བའི་ནག་ཉེས་སུ་བརྩིས་ཏེ། དགེ་རྒན་དང་སློབ་མ་ཁྱིམ་བདག་བཅས་བཙོན་འཇུག་ཟླ་བ་ ༦ ནས་ལོ་ ༣ བར་ནག་ཉེས་ལ་གཞིགས་ཏེ་བཙོན་འཇུག་བྱེད་རྒྱུ་ཡིན་པའི་གནས་ཚུལ་ཐོན་ཡོད་པ་རེད།