གསང་མི་ཐུབ་པའི་གསང་བ་ཞེས་པའི་དཔེ་དེབ།
བོད་ནང་དུ་རང་དབང་དང་ཐོབ་ཐང་ཆ་ཚང་ལོངས་སུ་སྤྱོད་རྒྱུ་ཡོད་ཚུལ་སོགས་དངོས་བདེན་མ་ཡིན་པའི་འཁྱོག་བཤད་ཀྱི་ཡིག་ཆ་རྣམས་ལ་ཁུངས་ལུང་རྒྱུ་མཚན་དང་བཅས་བདེན་པ་མ་ཡིན་པའི་ལན་འདེབས་གནང་བ་ཞིག་ཡིན་པ་དང༌།དེ་ཡང་ཕྱི་ནང་གི་མཁས་པ་དུ་མས་ཞིབ་འཇུག་བྱས་ནས་བྲིས་པའི་ལོ་རྒྱུས་དང༌། ཆབ་སྲིད་བཙོན་ཟུར་སོགས་དཀའ་སྡུག་དངོས་སུ་བརྒྱུད་མྱོང་བ་རྣམས་ཀྱིས་བྲིས་པའི་དངོས་མྱོང་ལོ་རྒྱུས་བཅས་དཔེ་དེབ་༧༠ ཙམ་གཞི་རྩར་བཟུང་ཐོག་བྲིས་ཡོད་པ་རེད།
གསང་མི་ཐུབ་པའི་གསང་བ་ཞེས་པའི་དཔེ་དེབ་དབུ་འབྱེད་ཐོག་དེབ་དེའི་རྩོམ་པ་པོ་སྤོ་ཆུང་ཚང་དོན་གྲུབ་ལྷ་དར་དང༌། བོད་མི་མང་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་དང༌། ཆབ་སྲིད་བཙོན་ཟུར་ཕུན་ཚོགས་དབང་ཕྱུག བུད་མེད་རྩོམ་པ་པོ་ཚེ་རིང་སྐྱིད། རྩོམ་པ་པོ་བསྟན་འཛིན་བརྩོན་འགྲུས་བཅས་ཀྱིས་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་གི་རྩོམ་རིགས་སྐོར་ལ་གསུང་བཤད་དང་མི་མང་བར་བགྲོ་གླེང་གནང་ཡོད་པ་རེད།།
