ངོ་རྫུན་མ་དང་མིང་རྫུན་མ་ནི་མི་རྫུན་མ་རང་རེད།
ལར་སྔོན་མ་ནས་ང་ལ་རྫུན་མ་བྱེད་འདོད་ཡོད་ནས་འདྲ་པར་ངོ་མ་མ་བཀོད་པ་གཏན་ནས་མིན་མོད། དེང་སྐབས་མིང་དང་འདྲ་པར་ངོ་མ་མེད་མཁན་ཚོའི་ཟིན་བྲིས་ནི་ཆེད་དུ་མི་ལ་ཀླན་ཀ་འཚོལ་བ་དང་དབྱེན་སྦྱོར་བྱ་ཕྱིར་བེད་སྤྱོད་བྱེད་ཀྱི་ཡོད་པ་ལྟ་བུར་མངོན་ཚང་ངས་འདི་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་ཀྱི་ཡིན། ངོ་རྫུན་མ་དང་མིང་རྫུན་མ་ནི་མི་རྫུན་མ་རང་རེད། ངས་དེ་རིང་འདིར་རང་ཉིད་ཀྱི་འདྲ་པར་ངོ་མ་ཞིག་བཞག་པས་འདི་ལྟར་བཤད་པ་ཙམ་མིན། ངས་བོད་ཀྱི་དུས་བབ་ཟིན་བྲིས་ནང་སྔོན་མ་ནས་མིང་དང་འདྲ་པར་བཀོད་ཡོད། བོད་ཀྱི་བང་ཆེན་ཟིན་བྲིས་ནང་དེང་སྐབས་དངོས་མིང་དང་འདྲ་པར་ངོ་མ་མེད་མཁན་ཇེ་མང་ནས་ཇེ་མང་རེད། འདི་ཚོ་ཡག་པོ་ཞིག་གཏན་ནས་མ་མཐོང་། གལ་ཏེ་ཁྱེད་རང་གི་སེམས་ནང་ལ་བཤད་འདོད་པའི་སྐད་ཆ་ངོ་མ་ཞིག་ཡོད་ན། རྒྱུ་མཚན་ཡོད་མེད་གང་ལྟར་བཤད་རྒྱུ་གལ་ཆེན་པོ་རེད། རེད་དེ་སྤྱི་ཚོགས་དང་སྨྲ་བརྗོད་རང་དབང་གི་འགན་ཁུར་ཐུབ་པ་ཞིག་དགོས་རྒྱུ་དེ་ལས་གལ་ཆེན་རེད། འགན་ཁུར་དང་བཤད་སྤོབས་མེད་པའི་མི་སུ་ལ་ཡང་ཟིན་བྲིས་ནང་སྐད་ཆ་བཤད་པའི་ཆ་རྐྱེན་མ་ཚང་བར་འདོད། དེར་བརྟེན་རྗེས་སོར་ཟིན་བྲིས་ནང་རྩོམ་ཡིག་སྤེལ་བ་དང་ལན་སྤྲད་པ་སུ་ཡིན་ཡང་ཁ་བསལ་བོ་བཟོ་རྒྱུ་གལ་ཆེན་དུ་མཐོང་སོང་བས་དྲ་གྲོགས་ཚོས་དེ་ལུགས་དགོངས་འཇགས་ཡོང་བར་ཞུ།
