འཛམ་གླིང་འཕྲོད་བསྟེན་ཉིན་མོ་སྲུང་བརྩི།
གཞན་ཡང་བོད་གཞུང་སྨན་རྩིས་ཁང་གི་སྨན་པ་ཐུབ་བསྟན་རྒྱལ་མཚན་གྱིས་གཙང་སྦྲ་དང་འཕྲོད་བསྟེན་ནི་ཧ་ཅང་གལ་ཆེན་ཡིན་སྐོར་དོན་ཚན་ཁག་གསུམ་གྱི་ཐོག་ནས་གསུང་བཤད་གནང་དོན། དང་པོ། གཙང་སྦྲ་དང་འཕྲོད་བསྟེན་ནི་ཡར་རྒྱས་ཀྱི་གཞི་རྩ་ཡིན་པ་དང༌། གཉིས་པ། མི་སོ་སོས་ནད་རིགས་སྣ་ཚོགས་མི་ཡོང་བའི་སྔོན་འགོག་དགོས་པ་དང༌། གསུམ་པ། ནད་རིགས་དེ་དག་འགོས་ཟིན་ན་སྦེས་གསང་མེད་པར་སྨན་བཅོས་བྱེད་རྒྱུ་སོགས་ཧ་ཅང་གལ་ཆེན་ཡིན་པའི་ཐད་ལ་གསུང་བཤད་གནང་ཡོད་པ་རེད། དེ་རྗེས་ས་འཐུས་ཚོགས་གཙོ་ལགས་ཀྱི་ཕྱག་བརྒྱུད་ནས་གཞིས་གྲོང་ཁག་དགུ་ཡི་མ་བུ་གཙང་འཕྲོད་བཟང་ཤོས་གྲངས་དགུ་ལ་དཔེ་བཟང་བྱ་དགའ་གསོལ་བསྩལ་གནང་ཡོད་པ་རེད། དེ་བཞིན་ཉིན་དེར་མོན་གྷོ་བོད་མིའི་སྡོད་གནས་གང་སར་གཙང་སྦྲ་བྱས་ཡོད་པ་རེད།།
མེ་སོར་གསར་འགོད་པས།