ཆོས་བརྒྱུད་ཁག་གི་མཐུན་ལམ།

 ཉེ་ཆར་སྔ་འགྱུར་རྙིང་མའི་བླ་ན་མེད་པའི་སྐྱེས་བུ་ཆེན་པོ་གྲུབ་དབང་པད་ནོར་རིན་པོ་ཆེ་དགོངས་པ་གཞན་དོན་གཤེགས་པའི་རྐྱེན་ངན་དེ་བྱུང་སྐབས་སེ་ར་ཐེག་ཆེན་གླིང་གིས་གཙོས་ཆོས་བརྒྱུད་ཁག་གིས་ཀྱང་བརྟན་བཞུགས་ཕུལ་བ་དང་གདུང་མཆོད་ཕུལ་བ་སོགས་སྔ་ཕྱི་བར་གསུམ་ཀུན་ཏུ་སྐྱིད་སྡུག་མཉམ་ཁུར་དང་གདུང་མཉན་བསྐྱེད་བྱས་སོང་། ལྷག་པར་ཟླ་འདིས་ཚེས་༩་ཉིན་སྐྱབས་རྗེ་པད་ནོར་རིན་པོ་ཆེའི་གདུང་མཇལ་ཉིན་པོ་ཡང་སེ་ར་ཐེག་ཆེན་གླིང་གི་མཁན་པོ་དང་དགེ་བསྐོས་ཀྱིས་གཙོས་པའི་དགེ་འདུན་པ་རྣམས་ཀྱང་གདུང་མཇལ་དུ་ཕེབས་པ་དང་གདུང་མཆོད་ལ་ལྷན་ཞུགས་གནང་སོང་།  སྤྱིར་བཏང་གནས་ཚུལ་འདིའི་ཡ་མཚན་དངོས་བྱུང་ལྟ་བུའི་གནས་ཚུལ་ཞིག་གཏན་ནས་མ་རེད་མོད། དུ་ཡིན་རིང་པོ་ཞིག་གི་འདས་པའི་ལོ་རྒྱུས་ཁྲོད་ཆོས་ལུགས་དང་ཆོལ་ཁ་སོགས་ཀྱི་འཐེན་ཁྱེར་ཀྱི་ཡིད་སྐྱོའི་གནས་ཚུལ་མང་པོ་བྱུང་མྱོང་བ་དང་། ལྷག་པར་ཆོས་བརྒྱུད་ཁག་གི་དབར་ལ་མི་མཐུན་པའི་གནས་ཚུལ་མང་པོ་བྱུང་མྱོང་བའི་ཤུགས་རྐྱེན་གྱིས་དུས་ད་ལྟ་ཡང་མི་རྣམས་ཀྱིས་སེམས་ལ་བག་ཆགས་ངན་ཞིག་ལྷག་ཡོད་པ་རེད། དེར་བརྟེན་འདི་ལྟ་བུའི་དཀའ་ངལ་ཅན་གྱི་དུས་ཚོད་ཞིག་ལ་སླེབས་སྐབས་ཆོས་བརྒྱུད་ཁག་གི་མཐུན་ལམ་དེ་ཚོ་མིག་གིས་མཐོང་ཐུབ་བའི་གནས་ཚུལ་བྱུང་བ་ཡིན་ན་བོད་བསྟན་པ་ཆབ་སྲིད་གང་ལ་ཡང་ཕན་ཐོག་ངེས་ཅན་ཞིག་ཡོད་པ་རེད། སྤྱིར་རྣམ་གྲོལ་གླིང་དང་སེ་རའི་དགེ་འདུན་པ་ཚོ་སྔོན་མ་ནས་ཡར་མར་སློབ་གཉེར་བྱེད་ས་རིས་མེད་ལྟར་འགྲོ་སྲོལ་ཡོད་པ་རེད་མོད། ད་རེས་ཀྱི་གནས་ཚུལ་འདི་ལྟ་བུ་ནི་སྔར་ལས་ཀྱང་མིག་དཔེ་བཟང་པོ་ཞིག་རེད། འདིས་བྷེལ་ཀོབ་ས་གནས་ཀྱི་དད་ལྡན་པ་ཙམ་དུ་མ་ཚད། འཛམ་གླིང་ན་ཡོད་པའི་བོད་ནང་པའི་དད་ལྡ་དོ་སྣང་ཅན་རྣམས་ལ་ཤུགས་རྐྱེན་དང་སྤྲོ་སྣང་ཞིག་ཀྱང་དྲངས་ཡོད་ངེས་ཡིན།

ང་ལས་འདིར་འདྲ་པར་ཞིག་བཀོད་རྒྱུ་ཡོད་མོད་འགོད་ཤེས་མ་སོང་། གོང་གི་འདྲ་པར་དེ་སེར་བྱེས་མཁན་རིན་པོ་ཆེ་མཆོག་གིས་གྲུབ་དབང་པད་ནོར་རིན་པོ་ཆེའི་སྐུ་གདུང་གདན་ཞུའི་སྤོས་འདྲེན་བྱེད་བཞིན་པ་རེད།