ཀ་ཁ་མ་སྦྱོང་བྱིས་པ་དེ་ཚོ།
ཅ་ན་འབའ་དམ་ཏོག་ཙམ་ཉོས་ཀྱང༌།།
ཆ་མེད་དབྱིན་སྐད་རྒྱག་དགོས་ཡོང་གི།
ཇ་ཁང་ནང་དུ་སྙན་ངག་མཁན་ཡང༌།།
ཉ་པ་ལས་ཀྱང་ལྐུགས་པ་ཆགས་ཀྱི།།
ཏ་ལའི་བླ་མའི་བཀའ་སློབ་ནང་ནས།།
ཐ་ན་ཚིགས་བཅད་གཅིག་གཉིས་ཡིན་ཡང༌།།
ད་ཆ་དབྱིན་སྐད་འདིའི་ནང་འདུག་པས།།
ན་རོ་འགྲེང་པོ་སྦྱངས་ནས་གང་ཡོང༌།།
པ་ལོ་བཅད་པའི་གྲྭ་པ་ཡིན་ན།།
ཕ་རོལ་ཕྱིན་པའི་གཞུང་སོགས་སྦྱོང་དགོས།།
བ་ཛི་ལྟ་བུའི་འཁོར་བའི་མི་ལ།།
མ་མཐར་དབྱིན་སྐད་ཤེས་པའི་ཆོག་ག།
ཙ་རའི་བོད་ཡིག་ཡག་པོ་ཤེས་ཀྱང༌།།
ཚ་ལུམ་ལྟ་བུའི་མིང་མ་ཤེས་དུས།།
ཛ་སག་ཚོ་ཡང་ཕུ་ཐུང་བརྫེས་ནས།
ཝ་ཞྭ་ཕུད་བཞིན་ལྐུགས་བརྡ་བྱེད་ཀྱི།།
ཞྭ་མོ་ཕུད་ལ་འཚར་དུ་མེད་ཀྱང༌།།
ཟ་འཐུང་ཕྱིར་ཡང་ལག་བརྡ་དགོས་དུས།།
འ་ཛི་ངོ་ཚས་གདོང་པ་རལ་ཀྱང༌།།
ཡ་མེད་བཙོང་ནས་མ་བསྡད་གང་བྱེད།།
ར་རོ་ཅན་གྱི་པོར་ཏོ་ཚོས་ཀྱང༌།།
ལ་ལ་ལ་ལར་སྐད་ཆ་བཤད་དུས།།
ཤ་མོ་བཞིན་དུ་ཐོམ་ཞྭ་གོན་ནས།།
ས་མཐའི་བུ་ལ་འདུག་འདོད་འདུག་གམ།།
ཧ་ལོ་ཡུ་ནོ་རང་སྐད་མིན་ཡང༌།།
ཨ་ཙི་གཏོགས་ཙམ་ཤེས་པ་གནང་དང༌།།
ཧ་ལམ་རང་སྐད་དོར་ནས་སྦྱངས་ན།།
ཨ་ཁ་འདི་ནི་ཞབས་འདྲེན་ཡིན་ནོ།།
ཧ་ཧ༌།
