རྩོམ་པ་པོ་ཞིག་འཛིན་བཟུང༌།

    ཁོང་གི་སྐྱེས་ཡུལ་མདོ་སྨད་མཚོ་ལྷོ་ཡིན་ཞིང༌། སློབ་གཉེར་བྱེད་ས་གཙོ་བོ་ཁག་ནི་མདོ་སྨད་ཀླུ་ཚང་དགོན་དང། དྷི་ཚ་དགོན་རྔ་བ་དགོན་མང་དགོན་སོགས་ནས་ནང་ཆོས་དང་ཐུན་མོང་གི་རིག་གནས་སོགས་ལ་སློབ་སྤྱོང་བྱས། ད་སྐབས་རྔ་བ་དགོན་མང་དགོན་པར་སློབ་གཉེར་བྱེད་ཞོར་ཁ་བའི་ཚེ་སྲོག་ཅེས་པའི་རྩོམ་རིག་ཚགས་ཤོག་ཅིག་གཉེར་བཞིན་ཡོད་མོད། ཉེ་ལམ་རྩོམ་ཡིག་བྲིས་པ་བརྟེན་ནས། རྒྱ་གཞུང་གིས་རྩོམ་ཡིག་རྐྱེན་དེར་བརྟེན་ནས་རྒྱ་ནག་གཞུང་གིས་བཙན་ཁྲིད་བྱས་ཡོད་འདུག ༢༠༠༡ ནས་བཟུང་ཁོང་གསར་རྩོམ་གྱི་ལས་སུ་ཞུགས་ཏེ། ད་བར་བོད་ནང་གི་གཞུང་སྒེར་དུས་དེབ་དང་ཚགས་མང་བོའི་སྟེང་རྩོམ་ཡིག་འདྲ་མིན་སྤེལ་ཡོད་པ་མ་ཟད། ཁོང་གིས་སྙན་དེབ་ཅིག་ཀྱང་དཔར་བསྐྲུན་བྱས་ཡོད། ད་ལྟ་རྔ་བ་དགོན་མང་དགོན་དུ་སློབ་གཉེར་བྱེད་ཞོར་ཁ་བའི་ཚེ་སྲོག་ཅེས་པའི་རྩོམ་རིག་གི་ཚགས་ཤོག་ཅིག་སྒེར་གཉེར་བྱེད་ཀྱིན་ཡོད་པ་རེད། ད་བར་བོད་ནང་གི་གཞུང་སྒེར་དུས་དེབ་དང་ཚགས་པར་མང་བོའི་སྟེང་རྩོམ་ཡིག་འདྲ་མིན་སྤེལ་ཡོད་པ་མ་ཟད། སྙན་དེབ་ཅིག་ཀྱང་དཔར་སྐྲུན་བྱས་ཡོད་པ་ཅེས་ཆོས་གྲགས་ལགས་ཀྱིས་འདི་གར་གནས་ཚུལ་མཁོ་སྤྲོད་གནང་སོང།།