དཀར་མཛེས་སུ་བྱུང་བའི་བོད་དོན་ལས་འགུལ།
ད་ལོ་ཕྱི་ཟླ་༣ ཚེས་༢༥ ཉིན་དཀར་མཛེས་རྫོང་རིན་པ་ཤང༌། རྒྱལ་ཐོག་རྒོ་གྲོང་ནས་བུ་མོ་རིན་ཆེན་དབང་མོ་སོགས་རང་ལོ་༡༨ མན་གྱི་བུ་མོ་༧གྱིས་རིན་ཚ་ཤང་ཐོག་གི་ཉེན་རྟོགས་ལས་ཁང་མདུན་དུ་བོད་རང་བཙན་དང་ྋརྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག་ཅེས་སོགས་བོད་དོན་སྐད་འབོད་བྱས་པར་བརྟེན་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་པ་དང། རྒྱལ་ཐོག་གྲོང་དཔོན་གྱིས་ཁོང་ཚོ་ཀློད་གྲོལ་མ་བཏང་ན་མི་མང་ཡར་ལངས་བྱེད་ཀྱི་རེད་ཅེས་བཤད་མཐར་བུ་མོ་ཚོ་ལོ་ཧ་ཅང་ཆུང་བ་ཡིན་པའི་རྒྱུ་མཚན་ཐོག་ཀློད་གྲོལ་བཏང་ཡོད་འདུག དེ་བཞིན་ཟླ་༣ ཚེས་༢༣ ཉིན་དཀར་མཛེས་རྫོང་ཁོངས་དྲོང་ཁམས་གྲོང་གི་བུ་རིན་འགྲུབ་སོགས་ལོ་༡༢ ཡས་མས་གསུམ་གྱིས་བོད་རང་བཙན་དང་འབྲེལ་བའི་ཡི་གེ་སྦྱར་བར་བརྩམས་སྐབས་རྒྱ་མིས་ཧ་གོ་ནས་འཇུ་བཟུང་བྱས་པ་དང་རྡུང་རྡེག་ཚད་མེད་བཏང་མཐར་སློབ་གྲྭར་ཉིན་བཅུའི་རིང་འོང་མི་ཆོག་པ་བཟོས་པ་དང། ནང་མི་རེར་རྒྱ་སྒོར་༣༠༠ རེ་ཉེས་ཆད་བཅད་འདུག །
མེ་སོར་གསར་འགོད་པས།