བུད་མེད་གསུམ་ལ་ཁྲིམས་ཐག
ཟླ་འདིའི་ཚེས་༢༠ ཉིན་གྱི་དགོང་མོར་དྷ་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་བཞིའི་གོ་སྒྲིག་འོག་རྒྱ་ནག་གཞུང་གིས་ཁྲིམས་ཐག་བཅད་པ་དེ་ལ་ངོས་ལེན་མེད་པའི་ངོ་རྒོལ་བྱས་པ་དང། ཆབ་སྲིད་བཙོན་པ་རྣམས་ལ་གདུང་སེམས་མཉམ་བསྐྱེད་མཚོན་ཆེད་མར་མེའི་ཁྲོམ་སྐོར་ཞིག་བྱས་ཡོད་པ་རེད། སྐབས་དེར་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་གཙོ་ངག་དབང་འོད་འབར་དང།
བུད་མེད་ཚོགས་པའི་དབུས་རྒྱུན་བསྟན་འཛིན་སྒྲོལ་མ། བསྟན་འཛིན་བརྩོན་འགྲུས་བཅས་ཀྱིས་ཁྲིམས་ཐག་དེ་དྲང་བདེན་མིན་པ་དང། ཁྲིམས་ལུགས་དང་མཐུན་པའི་ཁྲིམས་བཤེར་གྱི་དབང་ཆ་སོགས་གང་ཡང་སྤྲད་མེད་པར་བརྟེན། བོད་མི་ཚོའི་ངོས་ནས་ངོས་ལེན་བྱེད་ཐབས་མེད་པའི་གཏམ་བཤད་གནང་ཡོད་པ་རེད།
རྒྱ་ནག་གཞུང་གིས་བོད་ནང་གི་ས་གནས་གང་སར་བོད་མི་འཛིན་བཟུང་དང། བཙོན་འཇུག་རྒྱུན་ཆད་མེད་པར་འབྱུང་བཞིན་ཡོད་པ་རེད།།
