བློ་མཐུན་དྲ་གྲོགས་ཚོར་འཚམས་འདྲི།

ཕན་ཚུན་མཚང་འབྱིན་བྱས་པ་དེ།་།

ཕུང་གཞི་དཀྲོགས་གཏམ་འགྱུར་སྙམ་པས།་།

མཚམས་འཇོག་བྱེད་ན་མི་ལེགས་སམ།་།

དྲ་གྲོགས་རྣམ་པས་དགོངས་པར་མཛོད།་།

འོན་ཀྱང་སྔོན་བྱོན་མཁས་པའི་གསུང་།་།

གཤམ་དུ་དཔྱད་གཞིར་བཤམས་རྒྱུ་ཡིན།་།

ཚིགས་སུ་བཅད་པའི་དགོངས་ཚུལ་རེ།་།

སྒྱུ་མའི་རྩལ་གྱིས་ལན་འདེབས་གྱིས།་

བློ་མཐུན་ཀློག་པ་པོ་ཚོ་ལ།་།

འདྲེན་བྱེད་གཟིགས་མོ་སྣ་དགུ་ཞིག་།

འགྱུར་ཡང་སྙམ་པའི་ཡིད་ཆེས་ཡོད།་།

ལ་ལུར་རྩེན་དང་གྲོགས་དག་གྱིས།་།

ད་ནི་ལེགས་བཤད་འགོད་རྒྱ་ཡིན་གཟིགས་ཨ།

དགེ་རྒན་གྱི་མཆོག་ནི་མཚང་ལ་རྒོལ་བ།་།

བསླབ་བྱའི་མཆོག་ནི་མཚང་ཐོག་ཏུ་འབབ་པ།་།

ཞེས་ཕྲན་གྱི་བསམ་ཚུལ་ཚིགས་བཅད་དེ་དང་འོག་གི་ལེགས་བཤད་འདི་གཉིས་ལ་དགོངས་ཚུལ་རེ་གོང་གསལ་སྒྲིག་འཛུགས་ལས་མ་བརྒལ་ཐོག་འབྲི་འཚལ།་་་་ཨ་༌༌༌༌༌༌ཧ་ཧ་ད་ཡིན་ན་ལྟད་མོ་ཡོད་རེད།