བོད་དུ་ལྟ་སྐོར་ལ་བསྐྱོད་མཁན་གྱིས་རྒྱ་ནག་ལ་སྐྱོན་བརྗོད།
། ལྷ་སར་ཉིན་གསུམ་བསྡད་པའི་རིང་བཙོན་ཁང་ཁག་ཏུ་ལྟ་སྐོར་ལ་འགྲོ་བཅུག་མེད་སྐོར་བརྗོད་འདུག སྐུ་ཚབ་རྣམས་ཀྱིས་ཁུལ་དེར་རྒྱ་མིའི་དམག་མི་འབོར་ཆེན་ཡོད་པ་དེ་འགྱུར་བ་མེད་པར་རང་སོར་གནས་ཡོད་པ་དང༌། རྒྱ་གཞུང་གི་མི་སྣ་ཚོས་དགེ་འདུན་པས་དྭངས་བླང་གིས་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོའི་ལས་འགུལ་ནང་དུ་ཞུགས་ཀྱི་ཡོད་ཚུལ་བརྗོད་ཀྱི་ཡོད་ཀྱང༌། དགེ་འདུན་པ་ཞིག་གིས་སྐུ་ཚབ་རྣམས་ལ་དེ་མི་བྱེད་ཀ་མེད་ཀྱི་ཆ་རྐྱེན་ཞིག་ཡིན་སྐོར་ངོ་སྤྲོད་བྱས་ཡོད་སྐོར་ཡང་འགྲེལ་བརྗོད་བྱས་ཡོད་པ་རེད། རྒྱ་ནག་གཞུང་གིས་ནམ་རྒྱུན་རང་དབང་གི་རྟོག་ཞིབ་པ་བོད་ནང་དུ་གཏོང་གི་མེད་པ་དང། ཕྱི་རྒྱལ་ཁག་ནས་སྐུ་ཚབ་བོད་ནང་བསྐྱོད་སྐབས་ཁོང་ཚོར་སྐད་ཆ་བཤད་མཁན་མང་ཚོགས་ནང་དུའང་གཞུང་ངོས་ནས་གྲ་སྒྲིག་བྱེད་ཀྱི་ཡོད་པ་རེད།།
