དྲི་བ་དྲིས་ལན།
ཡ་ཨ་རོགས་དྲ་གྲོགས་ཁ་དྲོ་རྒྱ་ཚོ་སྔ་དྲོ་བདེ་ལེགས་
་་་་་ཁེ་ཉིན་པར་དྲི་བ་ཞིག་བཏང་སྟེ་ད་བར་སྒུག་ཀྱང་དྲིས་ལན་གཅིག་ཀྱང་མ་འབྱོར་བསཅུང་ཙམ་ཉོབ་སྣང་ཞིག་ཀྱང་འཆར།་་་ཚིག་ངན་གྱི་མདའ་མོ་རེ་འཕངས་ཚེ་ཁ་ཏ་ལྟར་གཏམ་འཆལ་འདྲ་མིན་སྤེལ་ཏེ་སྤྱི་ཚོགས་ཟང་ཟིང་བཟོ་རྒྱུ་དེ་དྲ་གྲོགས་ཁྱེད་ཚོའི་ལས་འགན་ཡིན་སྣམ་གྱི་ཡོད་པ་འདྲ་དེ་འདྲ་ཨེ་རེད།་་དེ་ཡིན་ན་བློ་མཐུན་གསར་རྟ་ཚུལ་ཁྲིམས་མཆོག་གི་དགོས་པ་མ་བྱུང་བ་རེད་ལ་ཐུགས་དགོངས་ཀྱང་མ་འགྲུབ་པ་རེད།་་་ཧོར་གྲིང་གཡུལ་འགྱེད་སྨད་ཆ་ལས།་་་ཁ་ཏྭས་གཏམ་ལུང་པའི་ཕུག་ཏུ་འཁྱེར།་།སྤྲང་པོས་གཏམ་ལུང་པའི་མདའ་རུ་འཁྱེར།་།ཞེས་གསུངས་པ་ལྟར་ཁ་ཏྭ་དང་སྤྲང་པོའི་གྲས་སུ་ཚུད་འགྲོ་རྒྱུ་ལས་གཞན་པའི་དགོས་པ་ཅི་ཨེ་ཡོད་སྙམ།་་་་་དེ་ལས་སྤྱི་འཐུས་མཆོག་གི་དགོངས་ཚུལ་དང་མཐུན་ཞིང་བོད་ཀྱི་རྩ་དོན་ལ་ཕན་པའི་བགྲོ་གླེང་རེ་བྱེད་མི་བཟང་ངམ།་་་།ཐོག་མར་ངས་རྣམ་པ་ཚོར་ཁོ་བོའི་དོགས་འདྲི་ཞིག་ཁྱེད་རྣམ་པའི་སྤྱན་དུ་བཤམས་རྒྱུ་ཡིན་དེར་དཔེ་མཁྱུད་སོགས་མེད་པར་ལྷག་བསམ་རྣམ་དག་གིས་ཕྲན་གྱིས་རེ་བ་བསྐང་རྒྱུའི་ཡིད་ཆེས་ཡོད།་་དྲི་བ།་་་་བོད་ཁམས་ཤར་ཕྱོགས་སུ་དགེ་བཤེས་རྩའི་རྒྱལ་པོ་ཟེར་བ་ཞིག་བྱུང་འདུག་དེའི་སྐོར་ལ་རྒྱུས་མངའ་འདྲ་ཡོད་ན་འབུལ་རོགས་གནང།་་་དྲ་གྲོགས་ནགས་ཕྲན་པ་ཁོང་ལ་རེ་བ་ཆེ་ཤོས་ཡོད་གསུང་བར་ཞུ།་་་ཅིའི་ཕྱིར་ཞེ་ན་ནགས་ཕྲན་ཟེར་བ་དེ་ངའི་ཕ་ཡུལ་དང་བར་ཐག་ཉེ་སར་ནགས་ཕྲན་ཡིན་ན་ཏན་ཏན་མཁྱེན་གྱི་ཡོད་རེད་སྙམ།་་་དེ་མིན་དྲ་གྲོགས་སུ་འདྲ་ཞིག་གིས་ལན་གནང་ཡང་དགའ་བསུ་ཞུ་རྒྱུ་ཡིན།༌༌༌༌༌༌༌༌༌༌༌༌༌༌༌༌༌དེ་རིང་ནས་དྲ་བའི་ཟིན་བྲིས་དེ་ཁ་ཕྱོགས་གསར་པ་ཞིག་ལ་འགྲོ་རྒྱུའི་རེ་བ་བཅས་ད་ནི་སློབ་ཁྲིད་འགྲོ་རན་འདུག་དགོངས་དག་་་་་འགྲོ་རྒྱུ་ཡིན་བཞུགས་ཨ།
