ཆབ་སྲིད་བཙོན་པ་ཞིག་མནར་གཅོད་འོག་ནས་འདས་གྲོངས།
སྒྲ་ཐག་སོགས་ཁྱེར་ནས་ཤར་ཁུམ་བུ་བརྒྱུད་དེ་ཕྱིར་ཕ་ཡུལ་དུ་སོང་ཡོད་པ་རེད། ༢༠༠༡ གི་ལོ་འགོར་བཀྲ་ཤིས་ལྷུན་པོ་ནས་རྒྱ་ནག་ཉེན་རྟོག་པས་འཇུ་བཟུང་བྱས་པ་དང། ཡིག་ཆ་ཁག་རྒྱ་ལག་ཏུ་ཤོར་བར་བརྟེན། ཁོང་དང་ཚེ་དབང་གཉིས་ལ་ལོ་༨ ཀྱི་ཁྲིམས་གཅོད་བྱེད་རྒྱུ་ཡིན་སྐོར་བརྗོད་ཡོད་པ་དང། ནང་མིས་དངུལ་གྱི་འགྲོ་གྲོན་ཕོན་ཆེན་བཏང་མཐར་ལོ་༤ རེའི་ཁྲིམས་ཐག་བཅད་ཡོད་པ་རེད། ཁོང་ཚོ་ཚང་མར་མནར་གཅོད་བཏང་སྟེ། ནད་གཅོང་དུ་གྱུར་ཡོད་པ་མ་ཟད། སྨན་བཅོས་ག་ཚོད་བྱས་ཀྱངདྲག་སྐྱེད་མ་བྱུང་བར་གྲྭ་བློ་བཟང་སྙན་གྲགས་ཉེ་ཆར་འདས་གྲོངས་སུ་སོང་ཡོད་འདུག།

 
							