རྩོད་པའི་སྔོན་འགྲོ་ཆ་རྐྱེན།

ཁོ་རེ་ར་རྒན་ཉོན་ཅིག་་་ཉེ་ཆར་ཀ་རྩོམ་དེའི་ཐད་རྩོད་པའི་གནས་ཚད་ལོངས་མིན་སྔོན་འགྲོའི་ཆ་རྐྱེན་ཀ་རྩོམ་ཞིག་འབྲི་དགོས་པའི་གོ་སྐབས་སྤྲད་ཀྱང་།་་་་ར་རྒན་ཁྱོད་ཀྱིས་འབྲི་མི་ཤེས་ཞེས་ངོ་ཚ་རྒྱབ་སྐྱུར་གྱིས་ཁས་ལན་མགོ་བཏགས་བྱས་ཀྱང་།་་་་ད་དུང་གདོང་པ་མཐུག་པོས་ང་ལ་རྩམ་པ་རང་གིས་ཟོས་རྩམ་ཁུག་གཞན་མགོ་བསྐོན་ཞེས་པའི་དཔེ་ལྟར་དག་ཆ་ནོར་བའི་ནོངས་ངོས་འཛིན་ཡང་དག་མ་ཐོབ་གོང་ང་ལ་ཚུར་དག་ཆ་མི་འདུག་ཅེས་བཤད་འདུག་་་་་དངོས་མ་གནས་ལུགས་མི་ཤེས་མཁན་མཉམ་དུ་སྐད་ཆ་ར་འཕྲོད་ཁག་པོ་འདུག་་་་་ད་ནི་ཁྱོད་དང་རྩོད་མི་འདོད་དེའི་སྐོར་མཚམས་འཇོགས་བྱོས་ཤིག་་་་དེ་ལས་ཕག་པའི་འཆམ་ནད་སོགས་སྤྱི་བཏང་ཤེས་བྱ་འབྲི་བར་རྩོམ་དང་བོད་ཡིག་ཡག་པོ་མེད་ནའང་ཁྱོད་ལ་དམིགས་བསལ་ཡིན་སེམས་ཤུགས་མ་ཆགས་ཨ་་་་་ངས་དེ་ལྟར་བཤད་པ་ནི་ཁྱེད་ལ་ཤ་ཚའི་གཏམ་ཡིན་་་གདམས་ངག་གི་མཆོག་ནི་མཚང་ཐོག་ཏུ་འབབ་པ།།་་་ཟེར་བ་དེ་ལྟ་བུ་ཞིག་ལ་གསུངས་པ་ཞིག་རེད།་་་་་ད་ནི་་གཟུར་གནས་དྲ་གྲོགས་ཚོར་ཞུ་རྒྱ་ཉེ་ཆར་བོད་ཤར་ཕྱོགས་རྟའུར་རང་རིགས་གཞོན་སྐྱེས་རྒྱ་ཡིག་མཁས་པ་ཞིག་གི་རྟའུའི་སྣོད་བཅུད་མཐའ་དག་ཤར་ཕྱོགས་ཙི་ནའི་ཁོངས་གཏོགས་ཡིན་པར་རྒྱ་ཡིག་ཐོག་ལོ་རྒྱུས་ཤིག་བྲིས་འདུག་ཅེས་གཞིས་བཞུགས་རྩོམ་པ་པོ་ཞིག་གིས་ཕྲན་ལ་མྱུར་འཕྲིན་ཐོག་བཤད།་་་་གུས་པས་དེར་དགག་པ་ཞིག་ལས་ཞོར་དུ་འབྲི་འགོ་བརྩམས་ཏེ་ཟླ་བ་ཕྱེད་ཁ་ཙམ་སོང་།་་རྟའུའི་ལོ་རྒྱུས་ལ་ཕན་པའི་དཔྱད་གཞི་རེ་རག་ན་ངེས་པར་དུ་ངའི་མྱུར་འཕྲིན་ཁ་བྱང་ཐོག་བསྲིང་རྒྱའམ་ཡང་ན་མཁས་དབང་རྣམ་པ་ཚོས་དྲ་ཟིན་ཐོག་ཐད་ཀར་བགྲོ་གླེང་གནང་ནའང་འགྲིག་།་་་དེ་ནི་རྟའུ་ཙམ་དུ་མ་ཟད་བོད་སྤྱི་ལ་ཕན་ཐོགས་ཡོད་པ་ཞིག་ཡིན་པ་སྨོས་་ག་་ལ་དགོས།་་་ངས་ད་བར་ཤོག་ལྷེ་དྲུག་ཅུ་ཙམ་ཞིག་བྲིས་ཚར།་་་ང་ནི་དགེ་རྒན་ཞིག་ཡིན་པས་སྒྲིག་འཛུགས་ཀྱི་དབང་གིས་་ཡིག་ཆ་མཁོ་སྒྲུབ་ཏུ་་འགྲོ་རྒྱུའི་དུས་ཚོད་མེད་པས་ཐུགས་སེམས་བཟང་པོས་ཕྱག་རོགས་རེ་གནང་ཐུབ་ན་ངོ་མ་མཚར།་་་ར་སས་ཀྱང་དེ་བཞིན་ཐུགས་སྣང་གནང་དང་དག་ཆ་སོགས་མེད་ཀྱང་ཆོག་་་་འོབས་སུ་ཐེངས་གཅིག་ལྷུངས་ན།།ཤེས་རབ་ཐེངས་གཅིག་འཕེལ།།་་་་་ཞེས་པའི་གཏམ་དཔེ་དེར་ཐུགས་བསམ་བཞེས་དང་གཅིག་བྱས་ན་འགྲུར་བ་ཞིག་ཐེབས་སྲིད།