གཞོན་ནུ་དྲུང་ཆེའི་པུ་ཕྲུག་མང་པོ་བཟོ་དགོས་ཟེར།

ང་ཚོ་འདི་ལྟར་བག་ལ་འཁྱམ་ནས་ཉལ་ཚོད་མ་རེད། སྔོན་འབྲོམ་སྟོན་པའི་སྐབས་བོད་རིགས་ས་ཡ་བཅུ་ཡོད་པར་གླེང༌། དེ་ནས་རྒྱལ་དབང་བཅུ་གསུམ་པའི་སྐབས་མི་འབོར་ས་ཡ་དྲུག་ཡོད་པར་ར་སྤྲོད་ཡོད། ཡིན་ན་ཡང་ཁ་སང་དེ་རིང་གྲུང་དབྱངས་སྲིད་གཞུང་གིས་མི་འབོར་བགྲང་སྐབས་བོད་མི་ས་ཡ་བཞི་ལས་མེད་པར་ཁ་སང་གཞོན་ནུའི་དྲུང་ཆེ་དོན་གྲུབ་ལྷ་དར་དང་གཞོན་ནུའི་མཐུན་སྒྲིལ་ཚོགས་གཙོ་སྐལ་བཟང་ཡར་འཕེལ་གཉིས་འདི་ཀོ་ལེ་གྷལ་ལ་ཆེད་ཕེབས་ཀྱིས་གཞོན་ནུའི་ཁ་ཕྱོགས་ང་ད་ལྟའི་ལང་ཕྱོགས། གཞོན་ནུའི་སྒྲིག་འཛུགས་ཀྱིས་རང་གཞུང་ལ་གནོད་པ་མེད་པར་ཕན་ཐོགས་ཡོད་ཚུལ་དང་གཞོན་ནུའི་སྒྲིག་འཛུག་ལ་འགྱུར་བ་མེད་ཚུལ། གཞོན་ནུའི་འཐུས་ཤོར་མེད་པར་བོད་མི་རིགས་ཀྱི་བསྟན་སྲིད་ལ་ཕན་པའི་ལས་འགུལ་གང་མང་སྤེལ་ཚུལ། སློབ་ཕྲུག་ཚོ་རང་མི་རིགས་ཀྱི་སོན་རྩ་ཡིན་ཕྱིར་མ་འོང་པར་བུ་ཕྲུག་མང་པོ་བཟོ་དགོས་ཚུལ་སོགས་གསུང་སོང༌། ང་རང་གྲྭ་བ་ཞིག་ཡིན་པའི་ཆ་ནས་འདི་ལྟར་ལབ་གླེང་བྱེད་པ་མི་རིགས་མོད་དེ་ནི་ཧ་ཅང་གལ་ཆེན་ནང་གི་དོན་ཆེན་ཞིག་རེད། ཁ་ཆེ་སོགས་ཆོས་ལུགས་གཞན་པ་དང་མི་རིགས་གཞན་པ་དག་གིས་མི་རྒྱ་བསྐྱེད་དང༌། ས་ཆ་རྒྱ་བསྐྱེད་སོགས་ལ་གཟིགས་དང༌། ང་ཚོ་འདི་ལྟར་བག་ལ་འཁྱམ་ནས་ཉལ་ཚོད་མ་རེད། སྔོན་འབྲོམ་སྟོན་པའི་སྐབས་བོད་རིགས་ས་ཡ་བཅུ་ཡོད་པར་གླེང༌། དེ་ནས་རྒྱལ་དབང་བཅུ་གསུམ་པའི་སྐབས་མི་འབོར་ས་ཡ་དྲུག་ཡོད་པར་ར་སྤྲོད་ཡོད། ཡིན་ན་ཡང་ཁ་སང་དེ་རིང་གྲུང་དབྱངས་སྲིད་གཞུང་གིས་མི་འབོར་བགྲང་སྐབས་བོད་མི་ས་ཡ་བཞི་ལས་མེད་པར་ཁྱབ་སྒྲགས་བྱས་པ་ལྟར་ན། ང་ཚོའི་རིགས་འདི་ཉིན་རེ་བཞིན་ཇེ་ཉུང་དང་ཇེ་ཞན་ལ་འགྲོ་ཁུ་འདུག བོད་མི་ཚོས་བོད་ཕྲུག་གཅིག་བསྐྱེད་ན་བོད་མི་ས་ཡ་བཞི་དང་བུ་ཕྲུག་བརྒྱད་ བསྐྱེད་ན་ས་ཡ་བཞི་དང་བརྒྱད་དུ་ལོག་ཐུབ་པའི་མི་རིགས་ལ་ཞབས་ཞུ་གཅིག་ཏུ་ལོག་འགྲོ་བས་མི་རིགས་ཡར་རྒྱས་ལ་སེམས་ཤུགས་རྒྱག་རྒྱུ་གལ་ཆེ། ང་ཚོ་ཆོས་སྲིད་ཟུང་འབྲེལ་གྱི་རྒྱལ་ཁབ་ཞིག་ཡིན་ཙང་ཕྱོགས་གཉིས་སུ་མ་ལྷུང་བ་ཞིག་དགོས། དཔེར་ན་ད་ལྟའི་ཆར་གཞིས་ཆགས་བོད་རིགས་རྣམས་ཀྱི་ནང་གྲྭ་བ་དང་ཨ་ནེའི་གྲྭ་རྒྱུན་ཆད་ལ་ཉེ་ཡོད་པ་དང༌། བོད་ནང་ཁུལ་ན་གྲྭ་བ་དང་ཨ་ནེ་ཧ་ཅང་མང་དྲག་གི་ཡོད། གྲྭ་བ་དང་ཨ་ནེ་སྤུས་གཙང་བ་ཞིག་ལ་རེ་སྨོན་ཡོད་ལ། དེ་ལྟར་འགྲུབ་པའི་སྨོན་འདུན་ཀྱང་ཡོད།