དྲ་གྲོགས་ཚོར་ཆེད་དུ་ཞུ་རྒྱུ།།

ཉེ་ཆར་བོད་ཤར་ཕྱོགས་ཏྲེ་ཧོར་རྟའུ་ལུང་པར་རང་རིགས་ཕོ་གསར་རྒྱ་ཡིག་མཁས་པ་ཞིག་གིས་རྐྱེན་གང་ཡིན་མི་ཤེས།་་་་ལོ་རྒྱུས་ཐོག་རྟའུ་ནི་རྒྱ་ནག་གི་ཆ་ཤས་ཡིན་ཞེས་རྒྱ་ཡིག་ཐོག་་ལོ་རྒྱུས་འཁྱོག་བརྗོད་ཅིག་སྤེལ་བའི་གནས་ཚུལ་བོད་བཞུགས་རྩོམ་པ་པོ་ཞིག་གིས་ཕྲན་གྱི་མྱུར་འཕྲིན་ཁ་བྱུང་ཐོག་གནས་ཚུལ་གསལ་བཤད་བྱས་བྱུང།་སྤྱིར་རྒྱལ་དབང་ལྔ་པ་ཆེན་པོས།་་་རང་རང་གི་རིགས་དང་ལ་རྒྱ་མེད་ན་ནགས་ནང་གི་ཨ་རྒན་དང་འདྲའོ།།ཞེས་གསུངས་པ་ལྟར།་་་རང་ཡུལ་གཞིས་དགོན་གཉིས་ཀྱི་དངོས་བྱུང་ལོ་རྒྱུས་ཤིག་བྲིས་དང་འབྲི་བཞིན་ཡོད།་་་དེ་ཡང་ཆུ་ཕུག་གངས་ཞེས་པ་ལྟར་རྟའུའི་ལོ་རྒྱུས་དེའང་བོད་བཙན་པོའི་སྐབས་ནས་བོད་གཞུང་དགའ་ལྡན་ཕོ་བྲང་བར་ལོ་རྒྱུས་ཁྱོན་ཡོངས་ལ་ཉམས་ཞིབ་ཀྱིས་ཤོག་གྲངས་་་༦༠་་་་ལྷག་ཙམ་བྲིས་ཟིན་ཡང།་་་་ཐེངས་འདི་གནས་ཚུལ་དེ་ཤེས་རྗེས་ལོ་རྒྱུས་འདིའི་འགན་ཁུར་དང་ལྗིད་ཤུགས་ཆེ་རུ་སོང་བས།་་་བློ་མཐུན་གྲོགས་པོ་ཚོས་གདོང་སེམས་མཉམ་སྐྱེད་ཀྱིས་ཐོས་ཆུང་བདག་ལ་ལོ་རྒྱུས་འདིའི་ཁུངས་དང་དཔྱད་གཞི་སོགས་གང་ཡོང་ཅི་ཡོང་རོགས་རེ་གནང་འཚལ།