བྱུ་རུའི་བུ་མོ
ཁེར་འདུག་བྱེད་པའི་བྱུ་རུའི་བུ་མོ་ལ།།
ཐུགས་སེམས་སྤྲོ་རོགས་གཞོན་ནུ་ཅོད་པན་ཅན།།
ཕེབས་པ་བྱས་ནས་པདྨའི་ཁང་བཟང་དུ།།
དགའ་འཛོམས་བྱུང་བས་ཞབས་བྲོ་ཡང་ཡང་འཁྲབ།།
གཞོན་ནུ་ཏོག་ཅན་དགའ་བའི་རང་གཞིན་གྱིས།།
ཀྱལ་བ་གང་པོ་བདུད་རྩིའི་འོ་མ་དེ།།
པདྨའི་ཁང་བཟང་ནང་གི་ཡིད་འོང་མ།།
བྱུ་རུའི་བུ་མོའི་ཞལ་ལ་ཡང་ཡང་ཕུལ།།
བྱུ་རུའི་བུ་མོ་དང་ག་འཚིམ་པ་ཡིས།།
སིང་སིང་གླུ་དབྱངས་ཆད་མེད་ལེན་བ་དང༌།།
གཞོན་ནུ་ཏོག་ཅན་མགུལ་ལ་འཁྱུད་བྱས་ཏེ།།
བྲལ་འདོད་མེད་པའི་དབུགས་རིང་ཡང་ཡང་འཐེན།། །།