ཀ་རྩོམ་བྱིས་པ་དགའ་བའི་གཏམ

 

ཏ་ཐཱ་ག་ཏའི་ལུང་རྟོགས་བསྟན་པ་ལ།།

ཐ་ཤལ་ང་ཚོས་སྦྱང་རྒྱུའི་གོ་སྐབས་ཐོབ།།

ད་ཕྲུག་ཡིན་ཡང་བདེ་གཤེགས་སྙིང་པོ་ནི།།

ན་གཞོན་ང་ཚོའི་རྒྱུད་ལ་ཡོད་ཅེས་གསུངས།།

 

པ་ལོ་བཅད་དེ་ཆོས་སྒོར་འགྲིམ་བསམ་ཡང༌།།

ཕ་ལོ་དམ་པས་ཕ་ཤུལ་འཛིན་དགོས་ཟེར།།

བ་གམ་བརྩེགས་པའི་ཕོ་བྲང་པོ་ཏཱ་ལར།།

མ་ཡི་ཆེད་དུ་གསོལ་བ་སྨོན་ལམ་འདེབས།།

 

ཙ་རི་གནས་དང་དབུས་གཙང་གནས་ཆེན་དག།

ཚ་གྲངས་ངལ་དུབ་བསྐོར་ན་བཟང་མོད་ཀྱང༌།།

ཛ་རྟགས་ཡོད་མེད་བོད་ཡིག་དག་ཆ་ལ།།

ཝ་ལེར་ཡུན་གྱིས་སྦྱངས་ན་མི་བཟང་ངམ།།

 

ཞ་སྨྱུག་ཁ་མ་བཟོས་ཏེ་ཡིག་གཟུགས་ལ།།

ཟ་རྔམ་ཅན་གྱིས་ཟས་ལ་འདོད་པ་ལྟར།།

འ་ལ་ན་མའི་འབྲི་སྟངས་ལེགས་སྦྱངས་ན།།

ཡ་བཏགས་མགོ་འདོགས་སོགས་ཀྱང་ཤེས་པར་འགྱུར།།

 

ར་ལུག་ཕག་པ་གསོད་པའི་བཤན་པ་དང༌།།

ལ་གནས་རི་དྭགས་གསོད་པའི་རྔོན་པ་སོགས།།

ཤ་ཚ་སྙིང་རྗེ་ཅན་གྱིས་གཟིགས་པའི་ཚེ།།

ས་གཞི་འདི་ཡང་དམྱལ་བ་མིན་ནམ་སྙམ།།

 

ཧ་ཧ་སློབ་ཕྲུག་ཆུང་ཆུང་རྩོམ་དཔེ་རུ།།

ཨ་མཚར་བྲིས་པའི་ཀ་རྩོམ་སྙན་དངགས་འདི།།

སྒྲ་དབྱངས་ལྷ་མོ་དགྱེས་པའི་མཆོད་སྤྲིན་དུ།།

བྱང་ཕྱོགས་སིམ་ལ་ཡུལ་དུ་ཤར་མར་སྤེལ།།