དྲ་གྲོགས་ཚོ་སྐྱེ་དམན་ཅན་ལ་མཁན་པོ་ཟེར་རམ།
ཁ་སང་དེ་རིང་སྐྱེ་དམན་རིམ་དུ་ཉལ་ནས་མཁན་པོའི་མིང་ཁུར་མཁན་མང་པོ་ཉིན་རེ་བཞིན་ཇེ་མང་ཇེ་མང་དུ་འགྲོ་བཞིན་པ་དང༌། ད་དུང་མཁན་པོའི་གདན་གྲལ་བསྙེགས་ནས། མཁན་རིན་པོ་ཆེ་ག་གེའི་མོ་ཟེར་ནས་དྲ་བྱང་སོགས་གང་སར་མིང་ཚིག་ཏེ་ཁྱབ་བརྡལ་གཏོང་གི། ང་དང་ང་འདྲ་བའི་ལོག་ལྟ་ཅན་མང་པོ་ཞིག་གི་མིག་ལ་གཏན་ནས་མི་གཟན་ཡང་དྲ་གྲོགས་ཚོར་ཐུགས་བསམ་ག་འདྲ་ཡོད། ཁ་སང་གི་བོད་ཕྲུག་ང་དེ་རིང་མི་ཡུལ་འདིར་འཁྱམ་ཉིན་སྔོན་སོང་གི་བྱུང་རིམ་ལ་ཕྱི་ལྟ་ཞིག་དང༌། སང་ཉིན་གྱི་བྱུང་རིམ་ལ་སྔ་ལྟོས་ཞིག་བྱེད་དགོས་པའི་གོམས་གཤིས་ཞིག་ཆགས་སོང༌།
དེའི་ཕྱིར་ང་ལ་འདི་ལྟར་སྨྲ་དགོས་པའི་ཚོར་སྣང་དང་བརྗོད་དགོས་པའི་སེམས་སྤོབས་བྱུང༌། དྲ་གྲོགས་ཚོ་ང་ཚོ་མཉམ་དུ་འགྲོ་ལ། ང་ཚོ་གཅིག་ཏུ་སྒྲིལ་ཏེ་རང་མི་རིགས་ཀྱི་ཡུལ་སྲོལ་གོམས་ཤིས་བདག་པོ་རྒྱག་དགོས། རེད་ཡ་གཅིག་ཏུ་འགྲོ་ཞིང་གཅིག་ཏུ་གཤིབ།2009-04-26
