རྒྱལ་སྤྱིའི་ཨ་མའི་ཉིན་མོ་སྲུང་བརྩི།

    ཉིན་དེའི་ཆུ་ཚོད་༣ པའི་ཐོག་གངས་སྐྱིད་རྩེད་ཐང་དུ་བུད་མེད་ཀྱི་ལག་རྩེད་སྤོ་ལོའི་འགན་སྡུར་འགོ་བཙུགས་ཡོད་པ་དང། སྐབས་དེར་བུད་མེད་ལྷན་ཚོགས་ཀྱི་རུ་ཁག་དང། བོད་གཞུང་ཟློས་གར་རུ་ཁག།སྨན་རྩིས་ཁང་མཐོ་སློབ་ཀྱི་རུ་ཁག གསོག་སྒར་སློབ་གྲྭའི་རུ་བཅས་ཉམས་བྱས་ཡོད་པ་རེད། མཐའ་མའི་འགྲན་སྡུར་ཁྲོད་བུད་མེད་ཚོགས་པའི་རུ་ཁག་ཨང་དང་པོ་དང། གསོག་སྒར་སློབ་གྲྭའི་རུ་ཁག་ཨང་གཉིས་པ་ཆགས་ཏེ་བྱ་དགའ་གནང་ཡོད་པ་དང། ཉིན་དེར་སྔར་རྒྱུན་དང་མི་འདྲ་བའི་ལྟད་མོ་བ་ཧ་ཅང་མང་པོ་སླེབས་ཡོད་པ་རེད།།