ས་གནས་བུད་མེད་ཀྱི་ལོ་འཁོར་ཚོགས་ཆེན།

ལྷག་ཏུ་རྒྱུན་ལས་གསར་པ་ཚོའི་འཆམ་མཐུན་རྡོག་རྩ་གཅིག་སྒྲིལ་གྱིས་ཐོག་མུ་མཐུད་ནས་བོད་ཀྱི་རྩ་དོན་དང་འབྲེལ་བའི་ཕྱག་ལས་གང་མང་གནང་རྒྱུའི་རེ་བ་དང་ཡིད་ཆེས་ཡོད། དེ་བཞིན་རེ་སྐུལ་ཞུ་དགོས་པ་གཅིག་ལ། ང་ཚོའི་ཚོགས་མི་མང་ཕྱོགས་རྒན་པ་རྐྱང་རྐྱང་ཡིན་པས། ད་ལྟ་བར་ཁོང་རྣམ་པར་དཀའ་ལས་མི་གཏད་ཀ་མེད་བྱུང་ཡོད་པ་རེད། རྗེས་ཕྱོགས་རྒན་པ་ཚོར་དེ་འདྲའི་དཀའ་ལས་གཏད་མི་དགོས་པའི་འབད་རྩོན་བྱེད་རྒྱུ་དང༌། ཚོགས་མིའི་ནང་རྒྱུ་འབྱོར་ཕྱུག་དང་ཐོབ་གོ་ས་སོགས་ཁྱད་མེད་ཡིན་པ་ཡིན་དུས། ཚོགས་མི་གང་མང་མང་ཞིག་ཚོགས་ཞུགས་གནང་རྒྱུ་ཧ་ཅང་གལ་ཆེ་བ་དང༌། ལྷག་ཏུ་བུད་མེད་ན་གཞོན་དང་ཤེས་ཡོན་ཅན་ཚོ་ཚོགས་མིའི་ཁོངས་སུ་གསར་ཞུགས་གནང་སྐྱོང་ཡོང་བའི་འབོད་སྐུལ་ནན་པོ་ཞུ་བཞིན་ཡོད་ཅེས་གསུང་བཤད་གནང་སོང༌།
    དེ་རྗེས་ཚོགས་གཞོན་ཚེ་དབང་སྒྲོལ་དཀར་ལགས་ཀྱིས་རྩིས་ཁྲ་སྒྲོགས་སྦྱང་གནང་བ་དང། རྒྱུན་ལས་གསར་རྙིང་བར་ཁ་བཏག་གཏོང་ལེན་དང་བཀྲ་ཤིས་ལོ་ལེགས་ཀྱི་གཏམ་བཤད་ཀྱི་མཇུག་བསྡུ་གནང་སོང༌།
            མོན་གྷོ་གསར་འགོད་པས།