རྟའུ་གསེར་མོ་ལྔོངས་སུ་སོ་ནམ་ཞིང་ལས་མི་བྱེད་པའི་ལས་འགུལ།

ཏྲེ་ཧོར་རྟའུའི་ཁུལ་དུ་སོ་ནམ་ཞིང་རྨོས་མི་བྱེད་པའི་ལས་འགུལ།

 

 

ལུས་སྲོག་འབེན་དུ་བཙུགས་དེ་ངོ་རྒོལ་དེ་བྱས་ཀྱང་།།

གསར་འགྱུར་གསལ་བསྒྲགས་མ་བྱས་བསམ་པ་དེ་སྐྱོ་བ།།

ཁུངས་ལྡན་གནས་ཚུལ་ཤེས་ནས་མཁོ་འདོན་དུ་བྱེད་ཚེ།།

གསར་འགྱུར་བརྒྱུད་ལམ་ཁག་ཏུ་གསལ་བསྒྲགས་ཤིག་བྱོས་དང་།།

 

 

ཉི་ཆར་དཀར་མཛེས་རྫོང་དུ་ཉེས་མེད་བོད་མི་མང་པོ་འཇུ་བཟུང་གསོད་རྡུང་བྱེད་པའི་དབང་གིས།   ཏྲེ་ཧོར་ད་ར་ཁག་ལྔའི་ཡ་གྱལ་ཤར་རྟའུ་གསེར་མོ་ལྗོངས་སུ་སོ་ནམ་ཞིང་ལས་མི་བྱེད་པའི་ཞི་བའི་ངོ་རྒོལ་ཞིག་དེང་སང་བྱས་དང་བྱེད་བཞིན་པའི་གནས་ཚུལ་འདུག   དེ་ཡང་རྟའུ་སྡེ་ཤོག་ཆེན་མོ་ལྔ་ལས་ཁང་གསར་ཡོངས་རྫོགས་དང་།   མ་ཟུར་སྡེ་ཤོག་ཕྱེད་ཁས་རྒྱ་གཞུང་ལ་བོད་མི་སྤྱི་དང་ལྷག་པར་དུ་དཀར་མཛེས་མི་མང་ལ་གདུང་སེམས་མཉམ་སྐྱེད་ཀྱིས་ལས་འགུལ་དེ་ལུས་སྲོག་ལ་མི་ལྟོས་པར་གཟི་བརྗིད་ལྡན་པའི་ངང་སྤེལ་བཞིན་མཆིས།   ལས་འགུལ་དེའི་སྐབས་རྒྱ་དམར་གྱིས་བཙན་སྐུལ་འོག་ཁ་གསར་རྒད་ནད་གྲོང་ཚོར་མི་ཚང་གཅིག་གིས་ཞིང་ཁ་བཏབ་པས་དགུང་མོ་དེ་ག་རང་དུ་ཁོ་ཚང་གི་དྲུད་འཐེན་འཁོར་ལོ་ལ་མེ་བརྒྱབ་ནས་མེ་བསྲེགས་བཏང་འདུག   ཡང་ཁ་ར་གྲོང་ཚོར་མི་ཚང་ཞིག་གིས་དེ་ལུགས་ཞིང་རྨོས་པས་དགུང་མོ་དེར་ཁང་པའི་ཕྱོགས་བཞི་མཚམས་བརྒྱད་དུ་ཡི་གེ་སྦྱར་ནས་སྡོད་མ་ཚུགས་ན་ཁྱིམ་མི་ཡོངས་རྗོགས་དམར་གསོད་གཏོང་རྒྱུ་ཡིན་ཞེས་ཉེན་བརྡ་བཏང་འདུག་ཟེར།  གནས་ཚུལ་དེ་དག་གི་དབང་གིས་ཁང་གསར་དང་མ་ཟུར་སྡེ་ཤོག་གཉིས་སུ་རྒྱ་དམར་ཕོན་ཆེན་ཞིག་འབྱོར་ནས་གནས་ཚུལ་ཞིབ་འཇུག་དང་དྲག་གནོན་ཉེན་བརྡའི་འོག་གནས་ཡོད་བཞིན་པ་རེད།  ངོ་རྒོལ་བས་ཁ་གཅིག་གྲགས་ཀྱིས་ང་ཚོ་ཞིང་ཁ་རྨོས་ཀྱི་མིན་རྒྱུ་མཚན་ནི།   རྒྱ་གཞུང་གིས་ཉེས་མེད་དམག་མི་མང་་པོ་བོད་ས་གང་སར་མི་མང་པོ་བསད་ཀྱི་འདུགང་ཚོ་ཡང་སྔ་ཕྱི་ཙམ་ལས་གསོད་རྒྱུ་ནི་གཏན་འཁེལ་འདུག   ཞིང་ཁ་བཏབ་ཀྱང་ཟ་མཁན་ནི་ལྷག་ས་མ་རེད་ཞིང་རྨོས་ནས་ཅི་ཞིག་བྱེད་དགོས་རེད་ཅེས་བཤད་དེ།   ད་ལྟའི་ཆར་ངོ་རྒོལ་གྱི་ལས་འགུལ་ཉེན་ཚབ་ཆེ་བའི་ངང་སྤེལ་བཞིན་པ་རེད་འདུག   གནས་ཚུལ་དེ་གསར་འགྱུར་བརྒྱུད་ལམ་གང་དུའང་གོ་རྒྱུ་ཐོས་རྒྱུ་མེད་པས་ངས་གནས་ཚུལ་དེ་ཤེས་འཕྲལ་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་མཁོ་འདོན་བྱེད་པ་བཞིན་གནས་ཚུལ་ཁུངས་ལྡན་ཡིན་པས་དགོད་རོགས་གནང་།   ལར་རྟའུ་བ་ནི་མི་རིགས་ཀྱི་ལ་རྒྱ་ཡོད་མཁན་ཞིག་ཡིན།   ལོ་ངོ་བཅུ་ཕྲག་གཅིག་ཙམ་གྱི་ནང་དུ་བོད་དོན་ཆེད་ལས་འགུལ་ཞུགས་མཁན་འདྲ་མིན་བྱུང་ཡོད་པའི་ནང་ནས་བོད་མི་རིགས་དང་རྒྱལ་ཁབ་ཀྱི་ཆེད་དུ་ལུས་སྲོག་ཕངས་མེད་ཀྱིས་ཞལ་འདེབས་གནང་མཁན་རྒྱལ་གཅེས་དཔའ་བོ་གསུམ་ནི།   ཀེ་རི་ཉི་མ་གྲགས་པ་དང་།   རུས་རྙེད་བསྟན་སྐྱོང་།   མ་བུ་དབང་འདུས་ནོར་བུ་བཅས་གསུམ་གྱིས་དཔའ་ངར་ལྡན་པའི་ངང་སྲོག་གི་གྲོ་གྲོན་བཏང་བ་རེད།   དེ་ཡང་ཉི་མ་གྲགས་པ་དང་།   དབང་འདུས་ནོར་བུ་གཉིས་རྡུང་རྡེག་གིས་བསད་པ་དང་།   བསྟན་སྐྱོང་ནི་པར་མི་སྒྲོན་པ་དང་རྒྱལ་གཅེས་ཆོས་གཅེས་ཀྱི་ལས་འགུལ་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་མཁན་གྱི་སྣེ་ཁྲིད་མཁན་ཡིན།   ཁོང་ལ་རྒྱ་དམར་གྱིས་འདྲི་བརྩད་མནར་གཅོད་འོག་རང་ཤི་རྒྱག་དགོས་བཟོས་པ་རེད།   ཡང་ལོ་སྔར་གསུམ་གཅིག་བཞིའི་དོན་རྐྱེན་འོག་གཅིག་བཞད་ཚེ་དབང་རིག་འཛིན་དང་།   གཅིག་བཞད་ཉི་མ་གྲགས་པ།   ཡང་ཨ་ནེ་ཁག་ཅིག   ད་དུང་མིང་མི་ཤེས་པའི་རྒྱལ་གཅེས་པ་ཁག་ཅིག་ད་དུང་ཡང་ནག་བཙོན་དུ་མནར་གཅོད་སྡུག་སྐུར་འོག་གནས་བཞིན་པ་བཅས་ཀྱི་གནས་བསྡུས་སུ།   འཕགས་ཡུལ་བྱང་ཕྱོགས་ཧེ་མ་ཅལ་ནས་བློ་དགའ་ནས་གནས་ཚུལ་མཁོ་འདོན་དང་འགྲེམས་སྤེལ་བྱས་སོ།། འབྲེལ་ཡོད་གསར་འགོད་པ་ཚོས་དྲ་ལམ་འདིར་གནས་ཚུལ་དེ་གཟིགས་ཚེ་ཁུངས་ལྡན་གནས་ཚུལ་ཡིན་པས་གསར་འགོད་གསལ་བསྒྲགས་རེ་བྱོས་དང།གནས་ཚུལ་འདིར་དོགས་པ་འདྲ་འཆར་ཚེ་ལག་ཐོག་ཁ་པར་ཨང་གྲངས་༩༤༡༨༥༨༧༦༥༥འདིའི་ཐོག་འདྲི་བརྩད་གནང་འཐུས།