འཇམ་དབྱངས་ཆོས་གླིང་བཙུན་དགོན་དབུ་འབྱེད།

ས་ཚིགས་ཀྱི་དབང་དུ་བྱས་བའི་ཡུལ་དབུས་དང་ཆོས་ཚིགས་ཀྱི་དབང་དུ་བྱས་པའི་ཡུལ་དབུས་ཞེས་བོད་ཀྱི་ལུང་པ་དེ་ས་ཚིགས་ཀྱི་དབང་དུ་བྱས་པའི་ཡུལ་དབུས་མ་རེད། ཆོས་ཚིགས་ཀྱི་དབང་དུ་བྱས་པའི་ཡུལ་དབུས་ཆགས་ཀྱི་ཡོད་རེད། དེ་ག་རེ་རེད་ཟེར་ན། འཁོར་རྣམ་བཞི་རྒྱུ་བའི་ཡུལ་དེ་ཆོས་ཚིགས་ཀྱི་དབང་དུ་བྱས་པའི་ཡུལ་དབུས་རེད་ཤོད་ཀྱི་ཡོད་རེད། ཡིན་ཡང་འཁོར་རྣམ་བཞི་ཚང་གི་ཡོད་པ་མ་རེད། དགེ་སློང་མ་ཚང་གི་ཡོད་པ་མ་རེད། ཡུལ་དབུས་དེ་བཟང་པོ་ལ་བརྩི་ཡི་ཡོད་ན། དེ་ནང་བཞིན་སྒྲུབ་དགོས་པ་ཞིག་རེད་དེ།  འདུལ་བའི་གཞུང་དང་མཐུན་པ་ཞིག་གི་ཐོག་ནས་འགྲོ་རྒྱུ་རེད་མ་གཏོགས། རང་འདོད་ཀྱིས་༧རྒྱལ་བ་རིན་པོ་ཆེའི་དབང་ཚད་ཀྱི་ཐོག་ནས་ཐག་གཅོད་རྒྱུ་ལྟ་བུ་ཡོད་པ་མ་རེད། འོན་ཀྱང། སྡེ་བ་ཐ་དད་པའི་ཐོག་ནས་རྒྱ་ནག་གི་འདུལ་བའི་སྡོམ་བརྒྱུད་ནང་དགེ་སློང་མའི་སྡོམ་བརྒྱུད་ཡོད་པ་རེད། བོད་རབྒྱུད་ཀྱི་ནང་ནས་གང་འཚམ་དགེ་སློང་མ་སྒྲུབ་མཁན་བྱུང་བསྡད་ཡོད་རེད། འོན་ཀྱང་ད་དུང་གསལ་པོ་མ་ཆགས་པའི་བཟོ་འདྲ་པོ་ཞིག་རེད། མུ་མཐུད་ནས་བསམ་བློ་གཏོང་དགོས་པ་དང་འབད་བརྩོན་བྱེད་དགོས་པ་ཞིག་རེད། གང་ལྟར་བསྒྲུབ་བྱ་དེ་འཁོར་རྣམ་བཞི་ཆ་ཚང་བ་ཞིག་བསྒྲུབ་ཐུབ་ན་བསྟན་པའི་ཞབས་འདེགས་རེད་ཅེས་བཀའ་སློབ་གནང་ཡོད་པ་རེད།།