ལས་ཁུངས་ག་གེ་མོའི་ལས་བྱེད་པ་ཞིག་ལས་ཁུངས་ཀྱི་བྱ་བར་བྲེལ་ཚུབ་ཆེ་བས་ནམ་རྒྱུན་ཁྱིམ་དུ་ཕྱི་པོ་བར་ལོག་མི་ཐུབ། ཉིན་ཞིག་ཁོའི་སྐྱེ་དམན་གྱིས་རང་གི་བཟའ་ཟླ་ཁྱིམ་དུ་ལོག་ཡོང་སྐབས་ཁོ་བོར་དགོས་པའི་ཅ་ལག་རྣམས་མི་རྙེད་པར་དོགས་ཏེ་་་་་མདུན་ཅོག་སྟེང་དུ་ཡིག་ཆུང་ཞིག་བཞག ཡི་གེའི་ནང་དུ་་་《བྱ་ཤ་བསྲེག་མ་གྲང་གློག་ནང་དུ་ཡོད་་་་་་་་་་་་་ཨ་རག་ཤེལ་དམ་གང་ཅོག་ཙེའི་འོག་ན་ཡོད་་་་་ང་ཉལ་ཁྲིའི་སྒང་ན་ཡོད་ཅེས་བྲིས་ཡོད་པ་རེད།