ཌེ་མག་གི་སྲིད་བློན་དང་ྋགོང་ས་མཆོག་མཇལ་འཕྲད།

སྤྱིར་བཏང་ཡུལ་འདིར་ནང་པའི་ཆོས་ལུགས་འཛིན་མཁན་མང་པོ་མེད་ནའང༌། ང་ཚོ་ཌེ་མག་མི་མང་གིས་ྋགོང་ས་མཆོག་ལ་ཧ་ཅང་དད་གུས་དང་རེ་སྨོན་བྱེད་ཀྱི་ཡོད། དེ་བཞིན་ང་ཚོའི་ངོས་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ལའང་ངེས་པར་དུ་རྒྱབ་སྐྱོར་བྱེད་ཀྱི་ཡོད་ཅེས་གསུངས་ཡོད་པ་རེད།     ྋགོང་ས་མཆོག་གིས་ཡུལ་དེར་ནང་བསམ་བློའི་ཞི་བདེ་ཟེར་བའི་བརྗོད་གཞིའི་ཐོག་བཀའ་སློབ་བསྩལ་རྒྱུ་ཡིན་པའི་གནས་ཚུལ་ཐོན་ཡོད་པ་རེད།།