གདུང་སེམས་མཉམ་སྐྱེད་ཀྱི་ཁྲོམ་སྐོར།

དེ་ནས་བོད་མི་མང་སྤྱི་འཐུས་འབའ་བ་སྐལ་བཟང་རྒྱ་མཚོ་ལགས་ཀྱིས། གནམ་སྡེ་སྒོ་མོའི་ཐང་གི་དོན་རྐྱེན་ཇི་ལྟར་བྱུང་ཚུལ་དང་འབྲེལ་བོད་ཀྱི་གནད་དོན་རྒྱ་ནག་མི་མང་གིས་ཤེས་ཚོར་ཡོང་བར་ཤུགས་རྐྱེན་ཇི་ལྟར་ཐེབས་ཡོད་མེད་ཀྱི་སྐོར་ལ་གསུངས་བཤད་གནང་རྗེས། བོད་ཀྱི་གཞོན་ནུའི་ཚོགས་གཙོ་ཚེ་དབང་རིག་འཛིན་ལགས་ཀྱིས་དབྱིན་སྐད་ཐོག་ནས་གསུང་བཤད་གནང་ཡོད་པ་རེད། དེའི་རྗེས་ནས་དོན་རྐྱེན་དང་འབྲེལ་བའི་དངོས་བྱུང་གི་གློག་བརྙན་མི་མང་ལ་གཟིགས་འབུལ་ཞུས་ཡོད་པ་རེད།།