རྒྱ་གར་གྱི་གྲོས་ཚོགས་ཚོགས་གཙོ་བུད་མེད་ཐོག་མ།

    རྒྱ་གར་གྱི་སྲིད་བློན་མཱན་མོ་ཧན་སིན་མཆོག་གིས་གསུང་བཤད་གནང་ཡོད་པ་དང༌། དེ་བཞིན་གྲོས་ཚོགས་འོག་མའི་འཐུས་མི༥༤༥ ཧ་ཅང་དགའ་ཚོར་ཆེན་པོས་ཚོགས་གཙོ་གསར་པ་མཆོག་ལ་འཚམས་འདྲི་ཞུས་ཡོད་པ་རེད།
    ཚོགས་གཙོ་མཆོག་གིས། ཚང་མའི་རེ་བ་ཆེན་པོས་ཕྲན་ལ་འདི་ལྟའི་ལས་གནས་ཀྱི་འགན་སྤྲད་པ་དེ་དངོས་གནས་སེམས་འཚབ་ལངས་དགོས་པ་ཞིག་ཡིན་ནའང༌། ངའི་ངོས་ནས་ཆབ་སྲིད་ཚོགས་པ་གང་གི་ཕྱོགས་སུའང་མ་ལྷུང་བར། བར་གནས་ཀྱི་ཐོག་ནས་ལས་ཀ་བྱེད་རྒྱུ་དེ་ཧ་ཅང་གལ་ཆེན་ཞིག་ལ་བརྩི་ཡི་ཡོད་ཅེས་གསུངས་ཡོད་པ་རེད། ཚོགས་གཙོ་མཆོག་ནི་ཕྱི་ལོ་༡༩༧༣ ལོར་ནུབ་ཕྱོགས་རྒྱལ་ཁབ་སི་པན་དང་དབྱིན་ལན་སོགས་ལ་རྒྱ་གར་གྱི་སྐུ་ཚབ་ལ་ཕེབས་མྱོང་ཡོད་པ་དང༌། དེ་བཞིན་གྲོས་ཚོགས་ཀྱི་འཐུས་མི་ཐེངས་གཉིས་གནང་མྱོང་ཡོད་པ་རེད།