གནམ་བདེ་སྒོ་མོ་ཐང་ལ་མྱ་ངན་ཞུ།

བྱང་ལྷོ་ཀོ་རི་ཡའི་དམག་འཁྲུག་དང་ཝི་ཊི་ནམ་གྱི་དམག་འཁྲུག་དེ་མཇུག་བསྡུས་ཡོད་རུང།དམར་ཕྱོགས་དང་མང་གཙོའི་ལྟ་བའི་འཐབ་རྩོད་དེ་རྩ་བ་ནས་ཡལ་མེད་པའི་སྐབས་རེད།རྒྱ་ནང་ཏུ་ངོ་རྒོལ་གྱི་ལས་འགུལ་ཆེན་པོ་དེ་འདྲ་སྤེལ་ཡོད་རུང་།སློབ་མ་ཚོས་རེ་བ་བརྒྱབ་པ་བཞིན་གྲུབ་འབྲས་གང་ཡང་ཐོན་མེད་པའི་ཁར་གཅེས་པའི་ཚེ་སྲོག་མང་པོ་ཞིག་ཐང་སྒ་རིལ་དང་མེ་མདའི་སོ་ཁ་ནས་རིན་ཐང་སྤུ་ཙམ་ཡང་མེད་པ་ཤོར་སོང་བ་རེད།འཛམ་གླིང་ཆབ་སྲིད་མི་སྣ་ཚོས་དབྱེ་ཞིབ་བྱས་ནས་བརྗོད་གསལ་ལྟར་ན།རྒྱ་ནག་སློབ་མའི་གྱེན་ལངས་དེས་རྒྱ་ནག་མང་གཙོ་ཅན་དུ་འགྱུར་རྒྱུར་དེ་ཙམ་ནུས་པ་ཐོན་མེད་རུང་།སློབ་མའི་གྱེན་ལངས་དེའི་ཤུགས་རྐྱེན་འོག་ནས་ནུས་འཇར་མིན་ཤར་ནུབ་གཉིས་ཀྱི་དབར་ཡོད་པའི་བྷར་ལིན་གྱང་Berlin wall གཏོར་ནས་འཇར་མིན་ཆིག་སྒྲིལ་ཡོང་ཐུབ་ཡོད་པ་དང་།དེ་བཞིན་ཨུ་རུ་སུའི་དམར་གཞུང་འཐོར་བའི་རྒྱུ་རྐྱེན་གཙོ་བོའང་སློབ་མའི་གྱེན་ལངས་འདི་དང་འབྲེལ་བ་ཤུགས་ཆེར་ཡོད་པ་རེད་ཟེར།བོད་པའི་ངོས་ནས་ཆར་མཚོན་ན་སྔོན་དུས་༡༩༥༩་ལོར་བོད་མི་མང་པོ་བསྡེབས་གསོད་བཏང་པའི་སྐོར་རྒྱ་རིགས་ལ་བརྗོད་སྐབས་ཡིད་ཆེས་མཁན་ཤིན་ཏུ་དཀོན་པོ་ཡིན་པ་དང།ཕྱི་ལོ་༡༩༨༩་ལོར་རྒྱ་ནག་དྲག་ཆས་དམག་མིས་ཁོ་རང་རང་ཉིད་ཀྱི་གཞོན་ནུ་ཚོའི་སྟེང་མེ་མད་བརྒྱབ་ཡོད་པ་དེ་རྒྱུ་མཚན་དུ་བྱས་ནས།རྒྱ་རིགས་ཚོས་རྒྱ་དམག་གིས་བོད་མི་རིགས་ལ་མེ་མདའ་བརྒྱབ་ཡོད་པ་ངོས་འཛིན་བྱས་པ་དང་དེ་བཞིན་ཉམས་ཞིབ་ཀྱི་ལས་འགོའང་བཙུགས་པ་རེད།ད་ང་ཚོའི་མདུན་དུ་ལྷག་ཡོད་པའི་དྲིས་བ་འདི་རེད།་དཔལ་འབྱོར་ཉམས་གུད་མ་སོང་ན་དམར་ཕྱོགས་འཐོར་མི་སྲིད་ཟེར་བ་རྒྱུ་མཚན་གང་ཡོད།རྒྱ་ནག་མང་གཙོ་ཅན་དུ་འགྱུར་ན་བོད་ལ་ཐོབ་སྲིད་པ་རང་བཙན་རེད་དམ།ཡང་ན་གྲང་ཉུང་མི་རིགས་ཀྱི་མིང་འོག་ནས་དབུ་མའི་ལམ་གྱི་དགོངས་དོན་བཞིན་གནས་རྒྱུ་ཡིན་ནམ།