རྒྱ་རིགས་ཁག་ཅིག་དྷ་སར་འབྱོར་བ།

སྤྱི་འཐུས་ཚོགས་གཙོ་གཙོས་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་འབྲེལ་ཡོད་རྣམས་དང་མཇལ་འཕྲད་གནང་བ་མ་ཟད། ཚེས་༡༥ ཉིན་རྒྱབ་ཏུ་ྋགོང་ས་མཆོག་དང་མཇལ་ཁ་ཞུས་ཡོད་པ་རེད། གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། རྩོམ་པ་པོའི་ཚོགས་པ་དེ་འདིར་ཡོང་བའི་དམིགས་ཡུལ་གཙོ་བོ་ནི་རྒྱ་བོད་ཕྱོགས་གཉིས་ཀྱི་དངོས་ཡོད་གནས་སྟངས་ཞིབ་འཇུག་ཆེད་དུ་ཡོང་བ་ཡིན་ཚུལ་བརྗོད་ཡོད་པ་དང། ྋགོང་ས་མཆོག་གིས་རྒྱ་བོད་གཉིས་ཀྱི་མི་མང་འཆམ་མཐུན་དགོས་སྐོར་གྱི་བཀའ་སློབ་གནང་ཡོད་འདུག།།