དབྱར་རྩྭ་དགུན་འབུའི་རིན་གོང་འཕར་ཆག

འོན་ཀྱང་ཉིན་ཤས་སྔོན་དུ་འབྲེལ་ཡོད་ཅིག་གིས་འདིར་གར་བརྗོད་པ་ལྟར་ན། ནག་ཆུ་རུ་དབྱར་རྩྭ་དགུན་འབུ་རྒྱ་མ་རེར་རྒྱ་སྒོར་ཁྲི་༣ སྤྲོད་ཟེར་མཁན་གཅིག་མ་གཏོགས་ཐུག་མ་བྱུང༌། གཞན་རྣམས་དེ་ལས་ཉུང་བ་རྐྱང་རྐྱང་རེད་ཟེར། བོད་མི་ཚོའི་ལོ་རེའི་ཐོན་ཁུངས་ཡག་ཤོས་ཀྱི་གྲས་ཡིན་པ་དང། ད་ལོར་དབྱར་རྩྭ་དགུན་འབུའི་གོང་སྔར་ལོ་ལས་མར་ཆག་པའི་གནས་སྟངས་བྱུང་ཡོད་ནའང། ཉེ་ཆར་སྤེལ་བའི་གནས་ཚུལ་ལྟར་ན་དབྱར་རྩྭ་དགུན་འབུའི་གོང་ཧ་ཅང་ཆེན་པོ་ཡར་འཕར་ཡོད་པ་རེད། གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན་རྒྱ་ནག་གཞུང་གིས་དབྱར་རྩྭ་དགུན་འབུར་རིན་གོང་ཆེན་པོ་སྤྲོད་རྒྱུ་མེད་སྐོར་ཁྱབ་བསྒྲགས་བྱས་པའི་གནས་ཚུལ་ཡང་འདུག།།