གཏེར་ཁ་སྔོག་འདོན་བྱེད་སར་མི་མང་ལ་རྨས་སྐྱོན།
ཟླ་འདིའི་ཚེས་༢༠ ཉིན་ལྷ་ས་གྲོང་ཁྱེར་གྱི་ཉེ་འགྲམ་དུ་ཡོད་པའི་རྒྱ་མ་གྲོང་སྡེའི་ཡུལ་མི་དང་རྒྱ་ནག་གི་གཏེར་ཁ་སྔོག་འདོན་བྱེད་མཁན་བར་འཁྲུག་འཛིང་ཤོར་ནས་མི་གསུམ་ལ་རྨས་སྐྱོན་ཚབས་ཆེན་ཕོག་ཡོད་འདུག
དེ་ཡང་རྒྱ་ནག་གི་གཏེར་ཁ་སྔོག་འདོན་བྱེད་མཁན་རྣམས་ཀྱིས་རྒྱ་མ་གྲོང་ཚོའི་ཞིང་ཁ་བརྒྱུད་ནས་གཏེར་འདོན་སའི་ཕྱོགས་སུ་གྲོང་སྡེའི་མི་མང་ལ་ཁ་གསབ་གང་ཡང་མེད་པའི་ཐོག་རྒྱ་མ་ཤིང་ཆུ་ནས་ཆུ་འཐེན་པ་དང། ཆུ་མགོ་ནས་གད་སྙིགས་གཡུག་པ་སོགས་ཀྱི་རྐྱེན་གྱིས་ངོ་རྒོལ་བྱས་པ་དང། ཕྱིས་སུ་ཉེན་རྟོག་པས་དྲག་གནོན་བྱས་ཡོད་པ་རེད། ཡུལ་མི་གཅིག་ལ་རྨས་སྐྱོན་ཉེན་ཚབས་ཆེན་པོ་བྱུང་ནས་སྨན་ཁང་དུ་ལྷག་ཡོད་འདུག ཕྱི་ཚེས་༢༡ ཉིན་ལྷ་སར་ཚོགས་འདུ་འཚོགས་པ་དང་ཡུལ་མི་ཚོས་ས་གནས་དེར་གཏེར་འདོན་མི་ཆོག་པ་དང་ཆུ་འཐེན་རྒྱུའི་ལས་འགུལ་མཚམས་འཇོག་བྱེད་དགོས་པའི་ཆ་རྐྱེན་བཏོན་ཡོད་པ་རེད།།
