ར་ས་ཕོ་ཉར་སྤྲིངས།
ར་ས་ཕོ་ཉར་སྤྲིངས།
ལེགས་བཤད་རིགས་པའི་མདའ་མོས་རྒོལ་ངན་སྙིང་ཁྲག་ཐང་མར་གཏོར། །
རྣམ་རྟོག་མ་རིག་ཆེན་མོས་ཉེས་མེད་མི་ལ་འཕྱ་ཞིང་དམོད། །
མ་དག་ཚིག་གི་ལོ་མས་འབྲས་བུ་བཀབ་པའི་ནར་མོ་འཕྱང་། །
དཔྱད་གསུམ་རིགས་པ་རྣལ་མས་ལེགས་བཤད་འདི་ཉིད་ཁྱེད་ལ་བསྲིངས། །
རིག་པའི་སྒྱུ་རྩལ་མཛེས་མའི་བཞིན་འདི་སྒེག་པའི་ཉམས་བཅས་མི་ཡི་ཚོགས་སུ་ལྷགས་པ་ན། །
འཆལ་བའི་གཏམ་གྱི་ཕོ་ཧྲིང་ཉམ་ཐག་ལྟ་བར་མི་ཕོད་ལག་པས་གདོང་ཡོངས་བཀབ་པ་མཚར། །
བཞིན་གྱི་ནག་ནོག་གསལ་བའི་མེ་ལོང་ལོངས་སུ་མི་སྤྱོད་གཞན་ལ་མཛུབ་མོས་སྐྱོན་བཙུགས་ན། །
མིག་ལྡན་གཞན་དག་ཅི་ཡང་མི་སྨྲའི་བརྟུལ་ཞུགས་དང་དུ་ཨེ་བླང་ར་ས་ཕོ་ཉས་སོམས། །
