བོད་དོན་རྒྱབ་སྐྱོར་ཆེད་རྒྱ་གར་གྱི་གོམ་བགྲོད།
ལས་འཆར་དེ་ྋསྤྱི་ནོར་ྋགོང་ས་མཆོག་གི་སྐུའི་འཁྲུངས་སྐར་དང་སྟབས་བསྟུན་ནས་གོ་སྒྲིག་བྱས་པ་ཞིག་ཡིན་པ་དང། བོད་ཀྱི་ནང་པའི་དགེ་འདུན་པ་དུ་མ་མཉམ་ཞུགས་བྱས་ཡོད་པ་རེད། ཚོགས་འདུའི་ཐོག་བྷི་ཇེ་པི་ཆབ་སྲིད་ཚོགས་པའི་མཉམ་ལས་འགན་འཛིན་གྱིས་བརྗོད་གསལ་ལྟར་ན་རྒྱ་གར་དང་བོད་མཛའ་འབྲེལ་བྱུང་ནས་དུས་རབས་དུ་མ་འདས་པ་དང་དེ་དག་ལ་ཕྱིར་བལྟས་ཤིག་བྱས་ན། རྒྱ་ནག་གི་དབང་བསྒྱུར་འོག་བོད་ལ་རང་སྲིད་རང་སྐྱོང་རྩོད་པར་རྒྱབ་སྐྱོར་བྱེད་འོས་ཤིང་འཚམས་ཤོས་རེད་ཅེས་བརྗོད་ཡོད་པ་རེད། དེ་བཞིན་བྷི་ཇེ་པཱི་ན་གཞོན་རྒྱབ་སྐྱོར་བའི་ཚོགས་གཙོ་དང། བྷི་ཇེ་པི་ཡི་ཁྲིམས་ཞིབ་པ། ཚོགས་པའི་མགྲིན་ཚབ་པ་སོགས་ཀྱིས་གསུང་བཤད་གནང་ཡོད་པ་རེད། ཚོགས་བཅར་བ་དང་གྲོམ་བགྲོད་པ་རྣམས་ཀྱིས་བྷི་ཇེ་པི་གཞུང་ལས་ཁང་ནས་ཌག་བྷང་གྷ་ལོ་བར་ལ་གོམ་བགྲོད་བྱས་པ་དང། དེར་བོད་ཀྱི་མི་རིགས་ས་གནས་རང་སྐྱོང་ལ་དམིགས་ནས་གསར་འགོད་པར་གསར་བསྒྲགས་ཤིག་སྤེལ་ཡོད་པ་རེད།།