དགུང་ལོ་དགུ་བཅུ་གོ་གཅིག་གི་འཁྲུངས་སྐར།

ཟླ་འདིའི་ཚེས་༢༠ ཉིན་གསར་ལམ་ཁག་ནས་གནས་ཚུལ་སྤེལ་གསལ་ལྟར་ན། འཛམ་གླིང་ནང་རང་དབང་ཐབས་རྩོད་པ་གྲགས་ཅན། ནོ་བྷེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ནཱལ་སོན་མན་ཌི་ལཱ་མཆོག  དགུང་གྲངས་༩༡ ལ་སོན་པའི་འཁྲུངས་སྐར་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ཏུ་གོ་སྒྲིག་བྱས་ཡོད་པ་དང༌། སྐབས་དེར་མཛད་སྒོའི་ཐོག་འཛམ་གླིང་ནང་སྙན་གྲགས་ཆེ་བའི་མི་སྣ་མང་པོ་འཛོམས་ཡོད་ཅིང༌། དམིགས་བསལ་གྱི་ཧྥ་རན་སིའི་སྲིད་འཛིན་གྱི་བཟའ་ཟླ་ཁཱར་ལཱ་ཡིས་གཞས་སྣ་འཁྲབ་སྟོན་བྱས་ཡོད་པ་དང༌། འཁྲབ་སྟོན་དེ་ནི་ཁཱར་ལཱ་ཧྥ་རན་སིའི་སྲིད་འཛིན་གྱི་བཟའ་ཟླ་ཆགས་ནས་འཁྲབ་སྟོན་བྱས་པ་ཐོག་མ་ཆགས་ཡོད་པས། མི་རྣམས་ཀྱི་དགའ་བསུའི་སྐད་འབོད་ཀྱིས་འཁྲུངས་སྐར་ཧ་ཅང་གཟབ་རྒྱས་ངང་སྲུང་བརྩི་ཞུས་ཡོད་པ་རེད།