རྒྱུགས་ཤོག་ཐོག་བོད་ཡིག་འབྲི་རྒྱུ་བཀག་འགོག

    རྒྱུགས་གཞི་འདི་ཐོག་མར་གསལ་བསྒྲགས་སྤེལ་སྐབས་ནས་གསལ་བཤད་མ་བྱས་པར་ཡིག་རྒྱུགས་གཏོང་སར་འབྱོར་རྗེས་རྒྱུགས་གཞི་ཆ་ཚང་རྒྱ་ཡིག་ཐོག་འབྲི་དགོས་པ་ལས་བོད་ཡིག་ཐོག་འབྲི་མི་ཆོག་པ་བསྒྲགས་པ་དང། ཁོང་ཚོས་དེ་ནི་རྒྱུགས་ཤོག་ལྟ་མཁན་ཚོས་བོད་ཡིག་མི་ཤེས་པས་ཡིན་སྐོར་འགྲེལ་བརྗོད་བྱས་ཡོད་པ་རེད། རྗེས་སུ་ཡིག་རྒྱུགས་འཕྲོད་མཁན་མི་གྲངས་༡༣བྱུང་ཡོད་པའི་ཁོངས་ནས་བོད་མི་གཉིས་མ་གཏོགས་གཞན་ཚང་མ་རྒྱ་མི་ཡིན་འདུག།།