ཆ་ཚང་འདིར་གཟིགས།
༦༽ ནང་འཛུལ་བྱས་ནས་ཟིན་བྲིས་ཞེས་པ་དེར་འགྲོ་དགོས་པ་དང། དེའི་རྗེས་སུ་རང་ཉིད་ཀྱི་ལག་གཡོན་དང། དྲ་རྒྱའི་གཡས་ཕྱོགས་སུ་ཡོད་པའི་ཟིན་བྲིས་ཤིག་བྲིས་ཟེར་བ་དེར་གནོན་དགོས།
༧༽ དེ་ནས་ཟིན་བྲིས་སུ་རང་ཉིད་ཀྱིས་གང་འགོད་འདོད་ཡོད་པའི་རྩོམ་ཡིག་དེ་འགོད་ཆོག་པ་དང། རྩོམ་ཡིག་དེ་ཅུང་རིང་པོ་ཡིན་ན། ཐིག་ཕྲེང་རེ་ཟུང་གི་མཚམས་སུ་མདའ་རྟགས་ཀྱིས་གནོན་དགོས་པ་དང་། དེ་ནས་རྩོམ་ཡིག་འགོད་ཡུལ་གྱི་གཤམ་དུ་དེ་ལས་མང་ཞེས་པ་ཞིག་ཡོད་པ་དེ་རུ་གནོན་དགོས།
༨༽ དེ་དག་གྲུབ་རྗེས་གཤམ་དུ་བྱང་བུ་ཞེས་པ་ཞིག་ཡོད་པ་དེ་རུ་ཚིག་རིང་པོ་མེད་པ་ཞིག་དུས་རྒྱུན་གཅིག་པ་བྲིས་ན་དགེ་མཚན་ཆེན་པོ་ཡོད། དུས་རྒྱུན་བྱང་བུ་གཅིག་པ་བྲིས་ཡོད་ན་བྱང་བུའི་ཐོག་གནོན་ཙམ་བྱས་ན་ཁྱེད་ཀྱིས་བྲིས་པའི་ཟིན་བྲིས་ཚང་མ་དུས་གཅིག་ཏུ་འཆར་ཐུབ། གལ་སྲིད་ཁྱེད་ཀྱིས་མི་གཞན་གྱི་བྱང་བུ་དང་གཅིག་པ་བཀོད་ཡོད་ན། མི་གཞན་དེའི་རྩོམ་ཡིག་དང་ཁྱེད་ཀྱི་རྩོམ་ཡིག་ཚང་མ་བྱང་བུའི་ཐོག་གནོན་ཙམ་བྱས་ན་མཉམ་དུ་འཆར་ཡོང།
༩༽ བྱང་བུ་གྲུབ་རྗེས་གཤམ་གྱི་གསོག་ཉར་དང་རྩིས་མེད་ཟེར་བ་གཉིས་ཡོད་པའི་ནང་ནས་གསོག་ཉར་ཞེས་པ་དེ་མནན་ན་ཁྱེད་ཀྱིས་ཟིན་བྲིས་དེ་ཡོངས་སུ་སྤེལ་ཟིན་པ་རེད།
༡༠༽ རང་ཉིད་ཀྱི་ཟིན་བྲིས་ནང་རང་གི་འདྲ་པར་རམ་པར་ཚབ་འགོད་འདོད་ཡོད་ན། དོན་ཚན་༦ པའི་ནང་ངོ་སྤྲོད་བྱས་ཟིན་པ་ལྟར་དྲ་རྒྱའི་གཡས་ཕྱོགས་སུ་ཡོད་པའི་ངོ་སྤྲོད་བཅོས་སྒྲིག་ཅེས་པ་དེར་འགྲོ་དགོས། དེ་ནས་ངོ་སྤྲོད་བཟོ་བཅོས་བྱེད་ཡུལ་འཆར་ཡོང་ལ། ཡང་ངོ་སྤྲོད་བཟོ་བཅོས་ཟེར་བ་དེར་གནོན་ཙམ་བྱས་ན། གོང་དུ་སྐོར་དང། ངོ་སྤྲོད་བཟོ་བཅོས། འདྲ་པར་བཅས་གསུམ་ཡོད་པས་རེ་རེ་བཞིན་བཟོ་བཅོས་གང་འདོད་དུ་བྱེད་ཆོག་ལ། འདྲ་པར་ཡང་བརྗེ་མོ་ལོག་ཆོག་པ་བཅས་དྲ་རྒྱ་རང་དུ་ཧ་ཅང་གསལ་པོ་ཡོད།
ཀློག་མཁན་རྣམས་ལ་ཞུ་རྒྱུར་མང་ཆེ་བར་འཛུབ་མོས་རི་སྟོན་ཙམ་བྱས་ན་འགྲིག་ཀྱང་རེ་ཟུང། གློག་ཀླད་ཀྱི་ཉམས་མྱོང་ལས་དང་པོ་བའང་ཡིན་སྲིད་པས་ནག་པོ་འགྲོ་ཤེས་ཀྱི་ཚུལ་དུ་འགྲེལ་བཤད་འདི་ཞུས་ན་ཅུང་ཙམ་ཕན་དུ་རེ་ནས་བྲིས་པ་ཡིན།
