མ་བུ་མོ།
མ་བུ་མོའི་གཤིས་ཀ་སྙི་མོ་རེད།།
གཤིས་སྙི་མོའི་ནང་ན་བརྩེ་དུང་འཁྱིལ།།
བརྩེ་དུང་བ་ཟབ་མོའི་དྲོད་ཁོལ་དེ།།
བུ་ང་ལ་དགོས་པ་དེ་ཉིད་ཡིན།།
མ་བུ་མོའི་ངག་འདི་ཁུ་བྱུག་དབྱངས།།
དབྱངས་སྙན་མོའི་ཁྲོད་དུ་སྙིང་གཏམ་ཞིག།
གཏམ་དྲི་མ་མེད་པའི་ཁ་ཚིག་ནི།།
བུ་ང་ཡི་ཐོས་འདོད་དེ་ཉིད་ཡིན།།
གཞས་ཚིག་འདི་གཞས་པ་སུ་ལ་འཁོ་ན་དེ་ཡིས་བླངས་ན་འགྲིག་གི་ཡོད།