མཐོ་རིམ་སློབ་མའི་རིག་གནས་བགྲོ་གླེང་ཐེངས་གསུམ་པ།

བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག དབུས་བོད་ཀྱི་གཞོན་ནུའི་ཚོགས་གཙོ་ཚེ་དབང་རིག་འཛིན་ལགས་བགྲོ་གླེང་དང་འབྲེལ་བའི་གསུང་བཤད་ལམ་སྟོན་གནང་ཡོད་པ་རེད།སྐབས་དེར་བཀའ་ཁྲི་མཆོག་གིས། བགྲོ་གླེང་གི་ཁ་བྱང་བོད་ཀྱི་རིག་གནས་ཟེར་བ་འགྲེལ་བཤད་གནང་སྐབས། རིག་གནས་ལ་རིག་པའི་གནས་བཅོ་བརྒྱད་དང་བཅུ། ལྔ་ཟེར་བ་བརྩི་སྲོལ་སྣ་ཚོགས་ཡོད་པ་དང། བོད་ལ་དར་བའི་ནང་དོན་རིག་པ་དང་གསོ་བ་རིག་པ་སོགས་ལ་བོད་ཀྱི་རིག་གནས་ཟེར་བ་དེ་འགྲིག་པ་རེད། རྒྱལ་བའི་བཀའ་བསྟན་ལ་རྒྱ་གར་མཁས་པས་དགོངས་པ་འགྲེལ་མ་མྱོང་བ་མང་པོ་ཞིག བོད་ཀྱི་མཁས་པ་ཚོས་ཧ་ཅང་ཕུན་སུམ་ཚོགས་པ་འགྲེལ་ཡོད་པ་རྣམས། བོད་ཀྱི་མཁས་པ་ཚོས་གསར་གཏོད་བྱས་པ་རེད་ལ་དེ་ནི་བོད་ཀྱི་རིག་གནས་རེད་ཟེར་བ་སོགས་གསུང་བཤད་ཟབ་རྒྱས་གནང་སོང༌།
    བགྲོ་གླེང་དེ་ཟླ་འདིའི་ཚེས་༣༠ བར་ཉིན་༤ འཚོགས་རྒྱུ་ཡིན་ཞིང༌། རྒྱ་གར་གྱི་ས་གནས་འདྲ་མིན་ནས་ཕེབས་པའི་མཐོ་རིམ་སློབ་གྲྭ་དགུ་ཙམ་གྱི་འཐུས་མི་དང་ཟུར་ཉན་པ་སོགས་མི་མང་པོ་ཕེབས་འདུག་ལ། བགྲོ་གླེང་བ་ཚང་མར་བརྗོད་གཞི་མི་འདྲ་བ་སྣ་ཚོགས་བགོ་འགྲེམས་བྱས་འདུག བརྗོད་གཞི་ཁག་གཙོ་བོ་བོད་ཀྱི་སྐད་ཡིག་རིག་གནས་སྲུང་སྐྱོབས་བྱེད་ཐབས་དང༌། དགེ་རྒན་གསོ་སྐྱོང་བྱེད་ཐབས། རིག་གཅིག་རྐང་འཛིན། ཤེས་ཡོན་འཐུས་ཤོར་སོང་བའི་རྒྱུ་རྐྱེན། ཤེས་ཡོན་སྲིད་བྱུས་གསར་པར་དགེ་སྐྱོན་གང་ཡོད་སོགས་ཀྱི་ཐད་ལ་བགྲོ་གླེང་གནང་རཡོད་པ་རེད།།