ངས་ཇོ་ཇོ་ལ་རྒྱངས་གླུ་བླངས་པ།

གོང་ས་ཡིད་བཞིན་ནོར་བུས་གསོ་སྐྱོང་གནང་གིན་འདུག

 

ཇོ་ཇོ་ལགས། ཁྱེད་ཀྱིས་ང་ལ་སེམས་འཁྲལ་མ་གནང་རོགས།

ང་ས་མཐའ་ལ་འགྲིམས་ནས།

ང་ཡུན་རིང་ཞིག་འཁྱམས་ཀྱང་།

ཇོ་ཇོ་ལགས། ང་རང་དེང་སང་ལུས་པོ་འཁྱག་གིན་མི་འདུག

 

དཔལ་ལྡན་བོད་གཞུང་གིས་བདག་སྐྱོང་གནང་གིན་འདུག

དཔལ་ལྡན་བོད་གཞུང་གིས་བདག་སྐོང་གནང་གིན་འདུག

 

ཇོ་ཇོ་ལགས། ཁྱེད་ཀྱི་ང་ལ་སེམས་འཁྲལ་མ་གནང་རོགས།

ང་ཕ་ཡུལ་ནས་བུད་དེ།

ང་ཁེར་རྐྱང་ངང་འཁྱམས་ཡང་།

ཇོ་ཇོ་ལགས། ང་རང་དེང་སང་མིག་ཆུ་ཤོར་ཀྱིན་མི་འདུག

བོད་རིགས་སྤུན་ཟླ་ཚོས་བྱམས་སྐྱོང་གནང་གིན་དུག

བོད་རིགས་སྤུན་ཟླ་ཚོས་བྱམས་སྐྱོང་གནང་གིན་འདུག

 

ཇོ་ཇོ་ལགས། ཁྱེད་ཀྱིས་ང་ལ་སེམས་འཁྲལ་མ་གནང་རོགས།

སེམས་འཁྲལ་མ་གནང་རོགས།

༢༧    ༢༠༠༩  ཉིན་ལྡི་ལི་ནས།