ྋགོང་ས་མཆོག་པཱོ་ལན་ཌི་རྒྱལ་ཁབ་ཏུ་ཆིབས་བསྒྱུར།

པའི་ཚོགས་གཙོ་ལྕམ་སྐུ་བྷི་ཊ་བྷ་བྷི་ལི་ཝི། དབྱིན་ཡུལ་གྱི་བོད་གཞུང་སྐུ་ཚབ་དོན་གཅོད་ཚེ་རིང་བཀྲ་ཤིས་ལགས་བཅས་གནམ་ཐང་དུ་ཕེབས་བསུར་བཅར་ཡོད་པ་རེད།ཐེངས་འདིའི་ཆིབས་བསྒྱུར་ནི་ཝར་སའོ་གྲོང་ཁྱེར་སྤྱི་ཁྱབ་དང་གྲོང་སྡེ་ལྷན་ཚོགས་གཉིས་ཀྱིས་གདན་ཞུ་གནང་བ་བཞིན། པཱོ་ལན་ཌིའི་རྒྱལ་ཁབ་ཀྱི་ཡུལ་མིའི་ཆེ་མཐོང་མཚན་གནས་འབུལ་བཞེས་ཀྱི་མཛད་སྒོར་དབུ་བཞུགས་དང༌། ཝར་སའོ་གཙུག་ལག་སློབ་གཉེར་ཁང་དུ་བཀའ་སློབ་གནང་བར་ཆིབས་བསྒྱུར་གནང་བ་ཞིག་ཡིན་པ་རེད།
    ཟླ་འདིའི་ཚེས་༢༨ ཀྱི་སྔ་དྲོ་ྋགོང་ས་མཆོག་ཝར་སའོ་གཙུག་ལག་སློབ་གཉེར་ཁང་གི་དགེ་ལས་དང་སྐུ་མགྲོན་རྣམ་པར་མཇལ་འཕྲད་དང༌། སློབ་གྲྭ་དེའི་དགེ་སློབ་ཡོངས་ལ་ཤེས་ཡོན་གྱི་རིན་ཐང་དང་འཇིག་རྟེན་ཀུན་ཁྱབ་ཀྱི་འགན་ཁུར་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་གནང་ཡོད་པ་རེད། དེ་བཞིན་ཝར་སའོ་གྲོང་ཁྱེར་སྤྱི་ཁྱབ་དང་གྲོང་སྡེ་ལྷན་ཚོགས་གཉིས་ཀྱིས་གདན་ཞུའི་གསོལ་སྟོན་ལ་ཕེབས་རྗེས་སུ་པཱོ་ལན་ཌིའི་རང་བཙན་འཐབ་རྩོད་པ་སྟོང་ཕྲག་གི་ཆེད་དུ་བརྒྱབ་པའི་འགྲེམས་སྟོན་ཁང་དུ་ཆིབས་བསྒྱུར་དང༌། ཕྱི་དྲོ་བོད་གཞུང་སྨན་རྩིས་ཁང་གི་སློབ་ཟུར་སྨན་པ་བསྟན་འཛིན་བྱང་ཆུབ་ལགས་ཀྱིས་གསར་རྒྱག་བྱས་པའི་བོད་ཀྱི་གསོ་བ་རིག་པའི་སྨན་ཁང་དབུ་འབྱེད་དང་རབ་གནས་གནང་ཡོད་པ་རེད། པཱོ་ལན་ཌྀ་བོད་རིགས་ཚོགས་པའི་ཚོགས་གཙོ་འཕྲིན་ལས་ལགས་ཀྱིས་བརྗོད་པ་ལྟར་ན། པཱོ་ལན་ཌིའི་རྒྱལ་ཁབ་དེ་འདས་པའི་ལོ་རྒྱུས་ནང་དམར་ཕྱོགས་པའི་འོག་ཏུ་དཀའ་སྡུག་མྱངས་ནས་ད་ལྟའི་བོད་ཀྱི་གནས་སྟངས་དང་འདྲ་པོ་ཡོད་པའི་རྐྱེན་གྱིས་པཱོ་ལན་ཌྀའི་གཞུང་དང་མི་མང་གིས་ྋགོང་ས་མཆོག་དང་བོད་ལ་རྒྱབ་སྐྱོར་ཤུགས་ཆེན་པོ་ཡོད་པ་རེད། ཕེབས་བསུ་ཞུ་སྟངས་ཀྱང་རྒྱལ་ཁབ་གཅིག་གི་སྲིད་འཛིན་དང་སྲིད་བློན་ཕེབས་པ་ལྟ་བུ་གནང་སོང༌ཞེས་ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་ཡོད་པ་རེད།
    ྋགོང་ས་མཆོག་རྒྱལ་ཁབ་དེར་ཆིབས་བསྒྱུར་གནང་ཐེངས་བཞི་པ་དེ་ཡིན་པ་དང༌། ཐེངས་གསུམ་པ་དེ་ལོ་སྔོན་མའི་ནང་དུ་ཕེབས་ཡོད་པ་རེད། ཡུལ་མིའི་མཚན་མཐོང་ཕྱག་ཁྱེར་དེ་ཟླ་འདིའི་ཚེས་༢༩ ཉིན་པཱོ་ལན་ཌིའི་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་ཕོ་བྲང་ནང་དུ་ཕུལ་ཡོད་པ་རེད།།