མིང་རྟགས་བསྡུ་རུབ་ཀྱི་ལས་འགུལ།

མིང་རྟགས་བསྡུ་རུབ་བྱས་པ་དེ་དག་རྒྱ་གར་གྱི་སྲིད་བློན་མཱན་མོ་ཧན་སིང་མཆོག་གི་མཚན་ཐོག་ཏུ་འབུལ་རྒྱུ་ཡིན་པ་རེད། མིང་རྟགས་འགོད་མཁན་བོད་པ་དང་། ཕྱི་རྒྱལ་ཡུལ་གྲུ་གང་ས་ནས་ཡོང་བའི་མི་རིགས་འདྲ་མིན་གྱིས་རྒྱབ་སྐྱོར་གྱི་ཆེད་དུ་མིང་རྟགས་འགོད་འཁན་མང་པོ་བྱུང་སོང་། དེའི་དགོང་མོ་མེག་གྷན་རླངས་འཁོར་འབབ་ཚུགས་ནས་གཙུག་ལག་ཁང་བར་དུ་མར་མེའི་ཁྲོམ་སྐོར་ཞིག་ཀྱང་བྱས་སོང་།

དོན་གྲུབ་དབང་ཆེན་གྱི་ཆེད་དུ་ད་སྐབས་རྒྱ་གཞུང་གིས་བཀོད་སྒྲིག་བྱས་པའི་ཁྲིམས་རྩོད་པས་ཕྱི་ཟླ་༨ ཚེས་གཅིག་གཡས་གཡོན་དུ་ཁྲིམས་གཏུག་བྱ་རྒྱུ་ཡིན་སྐོར་གནས་ཚུལ་ཡང་ཉིན་ཤས་སྔོན་ཐོན་ཡོད་པ་རེད།།