བཀྲིས་བདེ་ལེགས།
ངའི་མིང་ལ་སྨར་ཁམས་འབྲུག་རྒྱལ་ཟེར་ཞིང་༢༠༠༣་ལོར་སྰ་ར་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་སློབ་ཐོན་ཟིན་རྗེས་ཐེ་ཝན་དུ་རྒྱ་ཡིག་སྦྱོང་བར་སོང་།
༢༠༠༨་ལོར་ཨ་རིས་གྲོང་ཁྱེར་ནེའུ་ཡོག་ཏུ་སླེབས་པས་ད་ལྟ་ནེའུ་ཡོག་ཏུ་མི་གཡོག་བྱེད་ནས་བསྡད་ཡོད།
ཀ་ཁ་རིག་པའི་གཞུང་ལུགས་མ་རྟོགས་རྩོམ་པའི་ལས་ལ་སྤྲོ་བར་འཕེལ། །
ཁ་མདོག་དཀར་དམར་རིག་ལམ་མ་ཆགས་རྩོད་པའི་གླེ་བམ་བཞག་ལ་འབད། །
ག་སོང་དོན་གྱི་སྙིང་པོ་མ་ངེས་འཆད་པའི་སྤོབས་པ་རི་ལས་མཐོ། །
ང་དང་འདྲ་བའི་རློམ་ཆེན་པ་རྣམས་དེང་སང་མཁས་པའི་གྲལ་དུ་ཚུད། །
