རྗེས་དྲན་རྡོ་རིང་བཞེངས་འཆར།
༡༽ རྗེས་དྲན་རྡོ་རིང་འདི་བཞིན་བཞུགས་སྒར་དྷ་རམ་ས་ལར་བཞེངས་རྒྱུ།
༢༽ རྡོ་རིང་འདི་བཞིན་གང་མྱུར་བཞེངས་སྐྲུན་དགོས་སྟབས། རྡོ་རིང་གི་བཟོ་དབྱིབས་དང༌། མཚན་བྱང༌། བཞེངས་སྐྲུན་ཞུ་ཕྱོགས་བཅས་སྐོར་རྒྱ་ཆེའི་མང་ཚོགས་ཀྱི་དགོངས་འཆར་བསྡུ་རུབ་བྱ་རྒྱུ་ཡིན་ན། བོད་མི་ཡོད་དོ་ཅོག་གིས་མ་གོ་མ་ཐོས་མེད་པར་སོ་སོའི་དགོངས་འཆར་ཇི་ཡོད་ཕྱི་ཟླ་ ༩ ཚེས་ ༥ ནང་ཚུན་བོད་མི་མང་སྤྱི་འཐུས་ཚོགས་དྲུང་ལས་ཁུངས་སམ་གཤམ་གསལ་མྱུར་འཕྲིན་བརྒྱུད་ཚོགས་ཆུང་དུ་གཏོང་གནང་ཡོང་བ་ཞུ་རྒྱུ།
༣༽ རྡོ་རིང་གི་བཀོད་དབྱིབས་རི་མོའང་ཆེད་ལས་རི་མོ་བ་དང་ཆེད་ལས་བྱུས་འགོད་པ་རྣམས་ཀྱི་རྣམ་དཔྱོད་ལ་བརྟེན་ནས་བྱུས་འགོད་རི་མོ་འདེམས་སྒྲུག་བྱ་རྒྱུ་ཡིན་པ་དང༌། མཐར་འདེམས་ཐོན་བྱུང་བའི་རྩེ་ཕུད་བཀོད་དབྱིབས་རི་མོར་ཚོགས་ཆུང་ནས་ཧིན་སྒོར་ ༥༠༠༠ གི་ལེགས་གསོལ་དང༌། བྱུས་འགོད་པའི་མཚན་བྱང་རྡོ་རིང་ཐོག་འགོད་རྒྱུ་ཡིན་པ་མ་ཟད། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་མཚན་མཐོང་ཕྱག་འཁྱེར་ཞིག་ཀྱང་གནང་རྒྱུ་ཡིན་ན་ཚང་མས་བློ་གྲོས་རྩལ་དུ་བཏོན་ནས་རྡོ་རིང་གི་བཀོད་དབྱིབས་རི་མོ་ཕྱི་ཟླ་ ༩ ཚེས་ ༥ ནང་ཚུན་གཤམ་གསལ་ཁ་བྱང་བརྒྱུད་ཚོགས་ཆུང་དུ་འབུལ་ལམ་ཡོང་བ་ཞུ་རྒྱུ།
༤༽ ཐུགས་སྣང་དགོས་པ་ཞིག་ལ་ས་ཆར་དཔག་རྗེས་དྲན་རྡོ་རིང་འདིའི་གཞི་རྟེན་ཕེ་ཁྲི་གྲུ་བཞི་མ་བཅུ་དྲུག ( ཞེང་ཁ་ཕི་ཁྲི་ ༤ དང་འཕྲེད་ཚད་ཕི་ཁྲི་ ༤ ) ལས་མ་བརྒལ་བ་དང༌། མཐོ་ཚད་ཕེ་ཁྲི་བཅུ་གཉིས་ཙམ་ཞིག་ཚད་གཞིར་ཟིན་ཡོད་ན། ཚང་མས་དེར་དཔག་པའི་རི་མོ་བྱུས་འགོད་དང་དགོངས་འཆར་འབུལ་ལམ་ཡོང་བའི་གསལ་བསྒྲགས་སུ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་རྗེས་དྲན་རྡོ་རིང་བཞེངས་སྐྲུན་ལས་དོན་ཚོགས་ཆུང་ནས། ཕྱི་ལོ་ ༢༠༠༩ ཟླ་ ༨ ཚེས་ ༤ ལ།།
ཚོགས་དྲུང་ལས་ཁུངས་ཀྱི་ཨི་མེལ་ཁ་བྱང༌།
tibetanparliament@gov.tibet.net / tpiesec@gov.tibet.net
སྤྱི་འཐུས་ཟླ་བ་ཚེ་རིང༌། ཚོགས་ཆུང་གི་ཚོགས་གཙོ། ༩༤༡༨༡༨༥༤༧༥
སྤྱི་འཐུས་འབའ་བ་སྐལ་བཟང་རྒྱལ་མཚན། ཚོགས་ཆུང་གི་དྲུང་ཆེ།༩༨༡༦༨༥༡༨༨༩
སྤྱི་འཐུས་ཡེ་ཤེས་སྒྲོལ་མ། ཚོགས་ཆུང་གི་ཚོགས་མི། ༩༨༡༦༣༧༣༧༧༢
